ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་དཀར་ཆུའི་ཐོན་རྫས་སྔོག་འདོན་གཏིང་ཟབ་དང་འགྲེམས་སྟོན་གང་ལེཊ་བྱ་ཆེད། བཟོ་རྩལ་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཐོན་རྫས་ཀྱིས་གྲོང་མི་མང་ཚོགས་ཀྱི་དུས་ཆེན་གྱི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་དགའ་སྤྲོ་དང་འཆམ་མཐུན་ལྡན་པའི་དུས་ཆེན་གྱི་རྣམ་པ་ཞིག་བཏོད་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་དཀར་ཆུའི་ལས་རིགས་འཕེལ་རྒྱས་མཐུན་ཚོགས་ཀྱིས་ལྷ་ས་ནས་ཅ་དངོས་ཉོས་ཏེ་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོའི་གོ་སྐབས་དམ་འཛིན་བྱས་ཏེ་ལྷ་སའི་ཝང་ཧྥུའུ་ཅིང་ཉོ་སྒྲུབ་ལྟེ་གནས་ཀྱི་ཐང་ཆེན་བྱང་མར་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ས་མཐོའི་དྲི་ཞིམ་འོ་མ། ཞོའི་སྟོན་མོ་གཟབ་རྒྱས་ཞེས་པ་གཙོ་དོན་དུ་བྱས་པའི་དཀར་ཆུའི་ཐོན་རྫས་འགྲེམས་ཚོང་འདུ་ཚོགས་གཉེར་བ་ལས་གྲོང་མི་ཚོས་བར་ཐག་ཉེ་པོས་བོད་ཀྱི་དཀར་ཆུའི་ལས་རིགས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བ་དང་དུས་ཆེན་གྱི་སྟོན་མོ་གཟབ་རྒྱས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
གསར་འགོད་པ་བྱེད་སྒོ་སྤེལ་ཡུལ་དུ་སླེབས་མ་ཐག་དགའ་སྤྲོའི་རྣམ་པས་ཁེངས་ཤིང་།གར་སྟེགས་ཐོག་ངོ་མཚར་ཆེ་བའི་འཁྲབ་སྟོན་རྒྱུན་ཆད་མེད་པར་བྱེད་སྒོ་ཧྲིལ་པོར་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད། དཀར་ཆུའི་ཐོན་རྫས་འགྲེམས་ཚོང་ས་ཁོངས་སུ་བཀོད་སྒྲིག་ཞིབ་ཚགས་བྱས་པའི་འགྲེམས་གནས་26གྲལ་སྟར་འགྲིག་པ་དེ་དག་ས་ཁུལ་དང་གྲོང་ཁྱེར་གྱི་གཟུགས་བརྙན་འགྲེམས་ཁུལ་དང་། སྣེ་འདྲེན་ཁེ་ལས་ཀྱི་འགྲེམས་ཁུལ། ཁྱད་ལྡན་དཀར་ཆུའི་ཐོན་རྫས་དང་གསར་གཏོད་ཐོན་རྫས་འགྲེམས་ཁུལ། ངོ་འཕྲད་གྲོས་མོལ་སྦྲེལ་མཐུད་ཁུལ། དེ་བཞིན་མྱོང་རོལ་ཁུལ་སོཊ་ནུས་པའི་ས་ཁོངས་མང་པོར་ཁྱབ་ཡོད། ཞོ་སྟོན་ནི་ཞོ་ལྡག་པའི་དུས་ཆེན་ཞིག་རེད། ལོ་ལྟར་སྤུས་ཀ་ལེཊ་ཤིང་སོས་པའི་དཀར་ཆུའི་ཐོན་རྫས་ཟ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད། གྲོང་མི་བསོད་ནམས་ཆོས་འཛོམས་ཀྱིས་འདི་གར་འོ་བཟོས་ཐོན་རྫས་ཚོང་འདུས་ཡོད་པ་ཐོས་སྐབས། ང་དང་ནང་མི་འདི་གར་ཡོང་བ་ཡིན། དུས་ཆེན་གྱི་རྣམ་པ་དང་བསྟུན་ནས་ཞོ་འདེམས་འདོད་བྱུང་། ས་ཡུལ་དངོས་སུ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་དང་། གང་ས་གང་དུ་འོ་མའི་དྲི་ཞིམ་འཐུལ་བ། ཐོན་རྫས་ཀྱི་སྤུས་ཚད་བློས་འགེལ་ཆོག་པ། རིན་གོང་ཡང་དོན་དངོས་དང་མཐུན་པ་བཅས་ཡོད་པས། དུས་ཆེན་གྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད། རྒྱུན་གཏན་འཐུང་ཆེད་གྱི་འོ་མ་ཡང་གསོག་ཐུབ་པས་ཧ་ཅང་འཚམ་པོ་འདུག་ཅེས་བཤད།
འགྲེམས་གནས་སུ་ལྟ་བས་མི་ངོམས་པའི་དཀར་ཆུའི་ཐོན་རྫས་སྣ་ཚོགས་ཡོད་པ་དང་། དེའི་ནང་འོ་མ་སོས་པ་དང་། ཞོ། ཁྱད་ལྡན་འོ་མའི་བཏུང་བྱ། འོ་རྩམ་སོགས་ཚུད་ཡོད། ཐོན་རྫས་ཀྱི་སྣ་ཁ་ཕུན་སུམ་ཚོགས་ཤིང་། རྒྱུན་མཐོང་གི་བྲོ་བ་ངོ་མ་ནས་གསར་གཏོད་བྱས་པའི་ཤིང་འབྲས་དང་ཕན་ཆེའི་ཤ་མོའི་ཐོན་རྫས་བར་འཛད་སྤྱོད་པ་མི་འདྲ་བའི་དགོས་མཁོ་བསྐངས་ནས་ས་གནས་འདི་གའི་ཐུན་མོང་མ་ཡིན་པའི་བཟའ་བཏུང་རིག་གནས་ཀྱི་ནང་དོན་མངོན་པར་བྱས་ཡོད། གྲོང་མི་ཆོས་ཉིད་སྒྲོལ་མས་དེ་རིང་ཆེད་མངགས་དུས་ཚོད་ཁོམ་པ་བཙལ་ནས་དཀར་ཆུའི་ཐོན་རྫས་འགྲེམས་ཚོང་སྐོར་བར་ཡོང་བ་ཡིན། ནང་དུ་འཛུལ་མ་ཐག་ཧང་སངས་བྱུང་། ཐོན་རྫས་ཧ་ཅང་ཕུན་སུམ་ཚོགས་པོ་འདུག འཁྱག་སྒམ་ནང་བྲོ་བ་སྣ་ཚོགས་ཀྱི་ཞོ་བསྒྲིགས་ཡོད་པ་མ་ཟད། ད་དུང་འོ་མ་དང་། ཕྱུར་བ། མར་བཅས་སོས་པ་ཡོད་པས་གདམ་ག་ཧ་ཅང་མང་པོ་ཡོད། འདི་གའི་ཐོན་རྫས་ཀྱི་སྤུས་ཚད་ལ་འགན་ལེན་ཡོད་པ་དང་། ཉོ་དུས་ཧ་ཅང་བློ་བདེ་པོ་འདུག ད་ཐེངས་དངོས་ནས་ཡོང་བ་ནོར་མི་འདུག་ཅེས་བཤད།
ད་ཐེངས་ཀྱི་འགྲེམས་ཚོང་ཚོགས་འདུས་ལྷ་ས་གྲོང་ཁྱེར་དང་དེ་བཞིན་ཉེ་འཁོར་ས་ཁུལ་གྱི་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་ཁེ་ལས་དང་མཉམ་ལས་ཁང་སོགས་ལ་གཅིག་སྡུད་འགྲེམས་སྟོན་དང་། ཁྱབ་གདལ། ཕྱིར་ཚོང་བཅས་ཀྱི་ཐོན་རྫས་སྤུས་ལེགས་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད། ཁེ་ལས་ཀྱི་འཐུས་མི་ཚོས་སེམས་རྩ་འཁོལ་པོས་འཛད་སྤྱོད་པར་ཐོན་རྫས་ཀྱི་ཁྱད་ཆོས་དང་ལེགས་ཆ་ངོ་སྤྲོད་བྱས་ཏེ་ངང་རྒྱུད་རིང་པོས་དོགས་གནད་སེལ་བ་དང་།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社