分享按钮

ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱིས་ཆུ་ཚོད་24ཡི་ཁ་ལོ་བའི་ས་ཚིགས་ཐོག་མའི་སྒོ་བྱང་བཀལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱི་ཆུ་ཚོད་24ཡི་ཁ་ལོ་བའི་ས་ཚིགས་ཐོག་མའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱི་ཆུ་ཚོད་24ཡི་ཁ་ལོ་བའི་ས་ཚིགས་ནི་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་བོད་ལྗོངས་གངས་རིའི་ནུས་རྒྱུ་འཕེལ་རྒྱས་ཚོགས་པ་ཀུང་སིས་མཉམ་འབྲེལ་ཐོག་བསྐྲུན་པ་ཞིག་ཡིན། སུང་ལིའུ་ཀྲུའུ་ཡིས་ཁ་ལོ་བའི་ས་ཚིགས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ནི་བཟོ་ཚོགས་རྩ་འཛུགས་ཀྱིས་ལྷག་བསམ་རྣམ་དག་གིས་ལས་བཟོ་བ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་འགན་འཁྲི་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་དེའི་ཐོག་ནས་བཟོ་ཚོགས་ཀྱིས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བའི་ཚོགས་སྤྱིར་ཞབས་འདེགས་ཞུ་བའི་ཐད་སླར་ཡང་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད།

ཁ་ལོ་བའི་ས་ཚིགས་ཀྱིས་སྐྱིད་སྣང་དོད་པའི་ངལ་གསོ་རྒྱག་ས་དང་། སྟབས་བདེའི་རླངས་འཁོར་འཇོག་ས། སྐུད་མེད་དྲ་རྒྱ། གློག་གསོག་སྒྲིག་ཆས། འཕྲལ་སྡོམ་སྨན་རྫས་སོགས་ཀྱང་བཀོད་སྒྲིག་བྱས་ནས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བས་ཕར་འགྲོ་ཚུར་འོང་བྱེད་པའི་ལམ་བར་དུ་ངལ་གསོ་རྒྱག་ས་དང་། ཐག་རིང་སྐྱེལ་འདྲེན་ཁྲོད་ཁ་འཁྲུད་ལག་འཁྲུད་དཀའ་བ་དང་། རླངས་འཁོར་འཇོག་དཀའ་བ། ངལ་གསོ་རྒྱག་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་འགན་ལེན་བྱས་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 6 6 拉萨日报藏文 c207313.html 1 ལྷ་ས་གྲོང་ཁྱེར་བཟོ་ཚོགས་ཀྱིས་ཆུ་ཚོད་24ཡི་ཁ་ལོ་བའི་ས་ཚིགས་ཐོག་མའི་སྒོ་བྱང་བཀལ་བ། /enpproperty-->