ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་སར་ཞོ་སྟོན་དངོས་སུ་འགོ་ཚུགས་ཤིང་། ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་དུས་གཅིག་ཏུ་ངོ་མཚར་ཆེ་བའི་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
ནོར་བུ་གླིང་ཁའི་སྤྱི་གླིང་དུ་གྲོང་མི་ཚེ་ལགས་ཀྱིས་ནང་མི་ཁྲིད་དེ་ལྷ་མོར་ལྟ་བར་ཡོང་བ་ཡིན། ཁོ་མོས་དེ་རིང་ནི་ཞོ་སྟོན་གྱི་ཉིན་དང་པོ་ཡིན་པས་ང་ཚོ་ཆེད་མངགས་ལྷ་མོར་ལྟ་བར་ཡོང་བ་དང་། གླིང་ག་གཏོང་བ། དུས་ཆེན་གྱི་རྣམ་པ་ཉམས་སུ་མྱོང་བ་བཅས་བྱས་ནས་སེམས་ནང་སྤོབས་སེམས་དང་དྲིན་ཚོར་གྱིས་ཁེངས་ཡོད་ཅེས་བཤད།
སྤྱི་གླིང་ནང་སྲོལ་རྒྱུན་གྱི་ལྷ་མོ་སྟེ《པད་མ་འོད་འབར》ཞེས་པ་འཁྲབ་སྟོན་བྱེད་བཞིན་ཡོད་ཅིང་། གར་སྟེགས་ཐོག་འཁྲབ་སྟོན་པ་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་། གདོང་འབག་ཚོན་མདངས་རྣམ་པར་བཀྲ་བ། གླུ་གཞས་ཀྱི་སྐད་གསང་མཐོ་བ། གར་སྟབས་བདེ་བ་བཅས་ཡོད་པ་རེད།
ཡུལ་སྐོར་བའི་མྱོང་ཚོར་ཟབ་ཏུ་གཏོང་ཆེད། ནོར་བུ་གླིང་ཁའི་སྤྱི་གླིང་ཡུལ་སྐོར་ལྟེ་གནས་ཀྱིས་དམིགས་བསལ་ངང་གསོལ་ཚིགས་སྟབས་བདེའི་ཞབས་ཞུ་མང་དུ་བཏང་ཡོད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社