གནམ་གྲུ་མཚོ་བོད་ས་མཐོ་བརྒལ་ནས་བོད་ལྗོངས་ལྷ་སའི་ཕྱོགས་སུ་འཕུར།
སྒེའུ་ཁུང་ནས་མར་བལྟས་ཚེ།རི་བོ་མཐོན་པོ་དང་གྲངས་ལས་འདས་པའི་གཙང་པོའི་དབར་གྱི་མྱུར་བགྲོད་གཞུང་ལམ་ནི་འབྲུག་ཆེན་པོ་ཞིག་དང་འདྲ་བར་ལ་ཀླུང་བརྒལ་བ་དང་།ཆུ་བོའི་དྲ་བ་འདྲེས་པའི་ཡར་ཀླུང་གཙང་པོ་གྱ་གྱུའི་ངང་རྒྱུག་པ།ལྷ་སའི་ལུང་གཞུང་དུ་ལྗོན་ཤིང་གིས་བཏུམས་ནས་ནགས་ཚལ་དུ་གྱུར་ཏེ་མི་ཡུལ་བརྗེས་པ་ལྟར་དུ་སྣང་།འཛམ་གླིང་ཡང་རྩེར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཕྱིན་ཡོད།
ལག་ཏུ་དཀར་གཙང་མཇལ་དར་འཁྱེར་བ་དེ་ནི་ནམ་མཁའི་སྤྲིན་དཀར་དང་ཡོངས་སུ་མཚུངས་ཤིང་།འདི་ནི་ང་ཚོའི་བསྟོད་གླུ་ཡིན་ལ་དུས་རབས་གསར་པར་ཕུལ་བའི་སྨོན་འདུན་ཡང་ཡིན་ཞེས་པ་སོགས་ས་བབ་མཐོ་ཚད་སྨི་3500ལྷག་ཙམ་ཟིན་པའི་གོང་དཀར་གནམ་ཐང་དེ་དགའ་སྤྲོའི་དཔལ་ལ་རོལ་བའི་རྒྱ་མཚོ་ལྟ་བུར་གྱུར།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་སུ་ཟླ་8ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་དུས་ཆེན་གཟབ་རྒྱས་ལ་རྟེན་འབྲེལ་ཞུས་པ་རེད།
དམར་མདངས་བཀྲ་བའི་དར་དམར་རླུང་དང་འགྲོགས་ཏེ་ལྷབ་ལྷུབ་ཏུ་གཡོ་བ་དང་།དཀར་ལ་གཙང་བའི་མཇལ་དར་ལག་སུ་མཐོན་པོར་སྒྲེང་བ།རྔ་བརྡུངས་བའི་སྒྲ་རྣ་ལམ་དུ་ལྷང་ལྷང་གྲགས་པ།ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱེད་པ།ཕྲུ་གུ་ཚོའི་འཛུམ་མདངས་ནི་ལྷད་མེད་རྣམ་དག་ཅིག་ཡིན་པ་བཅས་ལས་བོད་མི་དམངས་ཀྱིས་ཆེས་སྤྲོ་སེམས་འཁོལ་བའི་གུས་ལུགས་ལ་བརྟེན་ནས་སེམས་ནང་གི་སྤྲོ་སྣང་མཚོན་པར་བྱས་ཡོད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད།
ལོ་བཞིའི་གོང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཏུའང་ཐེངས་དང་པོ་རེད།
ཐེངས་དང་པོ་གཉིས་ཀྱི་ནང་ཐུགས་ཁུར་དང་བྱམས་སྐྱོང་ཟབ་མོ་འདུས་ཡོད།
གངས་ལྗོངས་ས་མཐོར་དུས་ཐུང་ལོ་བཅུ་ཕྲག་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐད་མཐོང་གི་གྲངས་གཞི་ཁག་གཅིག་དཔེར་དྲངས་ཡོད།
བོད་ཀྱི་2024ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནི་1965ལོའི་ལྡབ་155ཡིན་པ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་1965ལོའི་ལྡབ་121ཡིན་པ།ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་1965ལོའི་ལྡབ་199ཡིན་པ།མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་ཞི་བས་བཅིངས་འགྲོལ་གཏོང་སྐབས་ཀྱི་ལོ་35.5ནས་ལོ་72.5བར་མཐོ་རུ་ཕྱིན་ཡོད།གྲངས་གཞི་དེ་དག་ནས་གང་ཞིག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ཟེར་བ་གསལ་པོར་ཤེས་ཐུབ།
སྤྱི་ཁྱབ་ཧྲུའུ་ཅིར་མྱོང་ཚོར་ཟམ་མོ་བྱུང་བ་སྟེ་གནམ་གྲུའི་ཐོག་ནས་གཟིགས་སྐབས་ལྷ་སའི་སྐྱིད་ཆུའི་ངོགས་ཀྱི་ཁང་པ་ཧ་ཅང་མཛེས་པོ་འདུག ས་མཐོ་ནས་སྤོས་ཏེ་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་ཅེས་གསུངས།
མི་སྒེར་གྱི་ལས་དབང་གིས་དུས་རབས་ཀྱི་འཕོ་འགྱུར་མངོན་ཡོད།
ཚེས་21ཉིན་གྱི་སྔ་དྲོར་རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལའི་གཤམ་དུ་བོད་བཟོའི་ཁྱད་ཆོས་ལྡན་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆ་བསྐྲུན་ཡོད་ཅིང་།བོད་རིགས་མང་ཚོགས་ཀྱི་འཐུས་མི་ཡིན་པའི་ལོ་73ལ་སླེབས་པའི་སྒྲོལ་མ་རིག་འཛིན་ཀྲུའུ་ཞི་སྡིངས་ཆའི་ཐོག་བསྐྱོད་དེ་གཏམ་བཤད་བྱས་ཡོད།
དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་གོང་དུ་རླུང་འཕྲིན་ས་ཚིགས་ཀྱི་སྙན་སྒྲོན་པ་སྒྲོལ་མ་རིག་འཛིན་གྱིས་གུང་ཁྲན་ཏང་སླེབས་ནས་དཀའ་སྡུག་ལས་བསྒྲོལ་ཏེ་བདེ་སྐྱིད་ལྡན་པའི་གཏམ་རྒྱུད་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲཊ་བྱས།དེ་རིང་ཁོ་མོ་ཡང་བསྐྱར་སྐད་སྦུག་གི་མདུན་ནས་སེམས་གཏམ་བཤད་པ་སྟེ།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社