分享按钮

བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱེད་དགོས།

རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་གསུམ་པ།

རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གསན་སྐབས། བོད་སྐྱོང་བ་དང་། བོད་བརྟན་ལྷིང་། བོད་དར་རྒྱས་ཡོང་བ་བཅས་བྱེད་པར་སྔོན་ལ་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ལམ་ལྷོངས་བཅས་ཡོང་བར་བྱེད་དགོས་ཞེས་ནན་གསུངས་གནང་སྟེ། འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ལས་འགན་ཨང་དང་པོ་ཁ་གསལ་བཟོས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱ་ཆེད་བྱ་སྤྱོད་ཀྱི་རྩ་འཛིན་ཁ་གསལ་བཟོས་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་དམིགས་བསལ་གལ་ཆེའི་རང་བཞིན་དེ་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་རིང་གི་ལག་ལེན་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མེད་ན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དཀའ་བ་དང་། བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་། དཔལ་འབྱོར། རིག་གནས། སྐྱེ་ཁམས་སོགས་མེད་ན་བྱ་གཞག་ཁག་འཕེལ་རྒྱས་འགྲོ་དཀའ་བ་དང་། མི་དམངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་འགན་ལེན་བྱེད་དཀའ་བ་ར་སྤྲོད་བྱུང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་བཏོན་གནང་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་དོན་ལ་འབབ་སར་བརྩིས་ཏེ། ས་མཐོའི་བུ་ཕྲུག་ཚོར་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཚན་རིག་དང་མཐུན་པའི་ལམ་སྲོལ་དང་། རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་འདུ་ཤེས་ཐོག་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་དེ་རྒྱུན་རྣམ་ཅན་དང་། དུས་རྒྱུན་དུ། གཞི་རིམ་དུ་དོན་འཁྱོལ་ཐུབ་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་བརྒྱ་ཆ་99ཡན་རྒྱུན་འཁྱོངས་ཐུབ་ཡོད། ས་ཁུལ(གྲོང་ཁྱེར)7ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ(གྲོང་ཁྱེར)དུ་བཏོད་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་གཏིང་ཟབ་སྤེལ་ནས་ཆོས་ལུགས་ཞི་མཐུན་དང་། དགོན་སྡེ་ཞི་མཐུན་ཡོང་བའི་འགན་ལེན་བྱས་ཡོད་ལ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལའང་འགན་ལེན་བྱས་ཡོད།

བདེ་འཁོད་ཉེན་ཟོན་བྱས་ན་བདེ་འཇགས་ཡོང་བ་དང་། བདེ་འཁོད་ཉེན་བསམ་བྱས་ན་ཉེན་ཁ་འབྱུང་སྲིད། མིག་སྔའི་བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་ངང་བརྟན་ལྷིང་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་པ་མཐོང་བ་དང་ཆབས་ཅིག་ཏུ་ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དུས་བབ་ཀྱི་འགྱུར་ལྡོག་གསར་པ་དང་། འཕེལ་ཕྱོགས་གསར་པ། ལས་འགན་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྟངས་འཛིན་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ངང་སྤེལ་བ། ཉེན་ཁར་སྔོན་འགོག་དང་། བདེ་འཇགས་ལ་སྲུང་སྐྱོང་། བརྟན་ལྷིང་ལ་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས།

སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ་དེ་ཡུན་རིང་བདེ་འཁོད་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱིས་ཇ་མངར་མོའི་འདུ་ཚོགས་གཉེར་ནས།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-27 བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་གསུམ་པ། 6 6 拉萨日报藏文 c207308.html 1 བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱེད་དགོས། /enpproperty-->