(པར་ངོས་གཉིས་པར་མཐུད)དོ་སྣང་བྱེད་དགོས་པའི་དོན་ཚན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། མཉམ་འགུལ་བྱས་པ་བརྒྱུད་དེ་ལས་དོན་མི་སྣར་མེ་ཟོན་གྱི་ཤེས་བྱ་ཤེས་སུ་བཅུག་ཡོད། ནང་སྦྱོང་བྱེད་ས་ནི་སྡེ་ཁུལ་གྱི་སྒོ་རའི་ཐོག་བརྩེགས་དང་པོའི་སྣུམ་སླང་ལ་གློ་བུར་དུ་མེ་སྐྱོན་ཐོན་པ་དང་མེ་ཟོན་ས་ཚིགས་ཆུང་གྲས་སུ་ཉེན་ཁའི་གནས་ཚུལ་འབྱོར་རྗེས་འཕྲལ་མར་འཕྲལ་སྡོམ་དང་ལེན་བྱས་ནས་སྐར་མ་1ནང་ཚུན་དུ་ཡུལ་དངོས་སུ་བསྐྱོད་དེ་ལས་དོན་མི་སྣས་འཕྲལ་མར་མེ་ཟོན་ཡོ་ཆས་སྤྱད་དེ་གོ་རིམ་ལྡན་པའི་ངང་རོགས་སྐྱོབ་ཀྱི་ལས་དོན་སྤེལ་ཡོད།
གཞན་ཡང་། སྐོར་སྐྱོད་ཚོང་པས་ལམ་བཟུང་གཉེར་སྐྱོང་བྱས་སྟབས་འགྲིམ་འགྲུལ་སྒྲིག་ལམ་དང་གྲོང་ཁྱེར་གྱི་རྣམ་པའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་དམིགས་ནས་ཏང་ཡོན་གྱི་གདོང་ལེན་རུ་ཁག་གིས་ཁུལ་དབྱེ་འགན་གཙང་བླངས་ཐོག་ཁ་ཏ་སློབ་སྟོན་དང་ཚད་ལྡན་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ངང་རྒྱུད་རིང་པོས་ཚོང་པར་གྲོང་ཁྱེར་དོ་དམ་གྱི་གཏན་འབེབས་དྲིལ་བསྒྲགས་བྱེད་པ་དང་ལུགས་མཐུན་ངང་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། འཕྲུལ་སྒུལ་མིན་པའི་འཁོར་རིགས་འཇོག་སར་བཅོས་སྒྲིག་བྱེད་རིང་། ཏང་ཡོན་ཚོས་གྲོང་མིར་འཁོར་རིགས་ཀྱི་ཁ་ཕྱོགས་གཅིག་གྱུར་ཐོག་སློག་དགོས་པའི་བླང་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་ནས་མང་ཚོགས་ལ་ཚད་ལྡན་ཐོག་འཁོར་རིགས་འཇོག་རྒྱུར་ཁྲིད་སྟོན་བྱས་ཡོད།
ཕྱིས་འབྱུང་།བསྟན་རྒྱས་གླིང་སྡེ་ཁུལ་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་པ་གཏོད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་དང་། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པའི་དད་སེམས་སྔར་བས་ཆེ་ཏུ་གཏོང་བ་དང་། དགའ་སྤྲོའི་རྣམ་པ་མི་སེམས་ལ་འཇགས་པར་བྱེད་པ། དངོས་སྒྲུབ་བྱེད་ཐབས་ཀྱིས་མང་ཚོགས་ལ་ཕན་པ་འདོགས་པ། རྟེན་འབྲེལ་བྱེད་སྒོའི་ཁྲོད་གཅིག་ཏུ་འདུས་པའི་སྤྲོ་སེམས་དང་འབད་འབུངས་ཀྱི་སྟོབས་ཤུགས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་འགྱུར་བར་བྱ་རྒྱུ་ཡིན་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社