(པར་ངོས་དང་པོར་མཐུད)ཉམས་ལེན་ཁང་གིས་གྲོང་མི་མང་པོ་ཞིག་བློ་འདྲི་དང་། ཉོ་སྒྲུབ་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
ཉམས་ལེན་ཁང་དེས་དྲོད་རླངས་མཁོ་འདོན་སྒྲིག་ཆས་སྤུས་ལེགས་མཁོ་འདོན་བྱས་པར་མ་ཟད། ད་དུང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལེན་ཧུར་ཐག་ཞུས་ནས་རྒྱལ་ཁབ་ཀྱི་ཁ་གསབ་དང་ཁེ་ལས་ཀྱི་གཟིགས་སྐྱོང་མཉམ་དུ་བསྣན་པས་གྲོང་མིའི་ཉོ་སྒྲུབ་ཀྱི་མ་གནས་ཆེས་ཆེར་ཆག་ཡོད། འདི་ག་ནས་གྲོང་མིས་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་མི་འདྲ་བའི་འཁོར་སྐྱོད་ཕན་འབྲས་ཐད་ཀར་ཚོར་ཐུབ་པར་མ་ཟད། ད་དུང་ཆེད་ལས་ཀྱི་བློ་འདྲིའི་ཞབས་ཞུ་ཡང་ཐོབ་ཀྱི་ཡོད། ཆེད་ལས་མི་སྣས་གྲོང་མིའི་ཁྱིམ་གྱི་ཁང་པའི་གྲུབ་ཆ་དང་རྒྱ་ཁྱོན་ཆེ་ཆུང་ལ་གཞིགས་ནས་དྲོད་རླངས་མཁོ་འདོན་གྱི་ཇུས་གཞི་བཟོ་བ་དང་སྒོ་རྩར་བསྐྱོད་དེ་གྲོང་མིའི་ཁྱིམ་གྱི་སོལ་རླངས་དང་སྒྲིག་ཆས་ལ་དུས་བཀག་ལྟར་ཞིབ་བཤེར་བྱེད་ཀྱི་ཡོད།
གྲོང་མི་ཡེ་ཤེས་ཚེ་རིང་གིས་ཉེ་ཆར་ཁྱིམ་དུ་མཛེས་བཟོ་བྱེད་བཞིན་ཡོད། ང་རང་ཉམས་ལེན་ཁང་དུ་ཡོང་ནས་གྱང་འགེལ་ཚ་ཐབ་ཉོས་པ་ཡིན། འདི་གའི་གཟིགས་སྐྱོང་བྱེད་ཤུགས་ཆེ་བ་དང་བཙོངས་རྗེས་ཀྱི་ཞབས་ཞུ་ཡང་ཧ་ཅང་ཡག་པོ་འདུག་ཅེས་བཤད།
ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་སྒྲིག་ཆས་ཕྱིར་ཚོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེན་ཀྲེ་ཡིས་ལྷ་ས་སེམས་དྲོད་དྲོད་རླངས་མཁོ་འདོན་མ་ལག་ཉམས་ལེན་ཁང་གིས་ས་མཐོའི་དྲོད་རླངས་མཁོ་འདོན་རིགས་གཅིག་མཁས་ཅན་གྱི་གཟུགས་བརྙན་གཏོད་རྒྱུར་གཞོལ་ནས་སྤུས་ལེགས་ཀྱི་ཐོན་རྫས་རང་གྲོང་གི་གྲོང་མིར་མཁོ་འདོན་བྱས་ཡོད། མིག་སྔར་རྒྱལ་ཁབ་ཀྱིས་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེའི་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། ང་ཚོས་ཀྱང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཐོག་གྲོང་མི་ཚོར་དངོས་ཕན་ཐོབ་པར་བྱ་རྒྱུ་ཡིན། སླད་ཕྱིན་ང་ཚོས་ད་དུང་དུས་བཀག་ལྟར་ཁུལ་ཆུང་དུ་སྐྱོད་པའི་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社