分享按钮

གྲོང་ཁྱེར་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཀོད་གཏོང་ཚོཊ་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་7ཉིན།གྲོང་ཁྱེར་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཀྲང་ཏིང་ཁྲེང་གིས་མཛུབ་སྟོན་གནང་དོན།དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ནི་གཞི་རིམ་ཏང་འཛུགས་སྐྱོང་གི་གཡུལ་ས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ“ཁྱབ་པ་གཉིས”དང་། “ནུས་པ་གཉིས”“དཔུང་ཁག་གཉིས”གཡུལ་ས་གཉིས”བཅས་ཀྱི་ལྷུ་ཚིགས་བཞི་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་དུས་གཏུག་གི་བསམ་པ་ཟབ་ཏུ་གཏོང་དགོས་པ་དང་། རྣམ་པ་དང་ཕན་འབྲས་ལ་དམིགས་ནས“ཁྱབ་པ་གཉིས”ཀྱི་གཅིག་སྡུད་འགག་སྒྲོལ་ལ་རིགས་དབྱེ་ནས་སྐུལ་འདེད་བཏང་སྟེ།ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལྟེ་བའི་ནུས་པ་སྔར་བས་འདོན་སྤེལ་བྱས་ནས་གསར་དར་ཁྱབ་ཁོངས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས་པ། ཏང་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། གསར་དར་ཁྱབ་ཁོངས་ཀྱི་ཚོགས་སྤྱིའི“སྒུལ་བདེའི་སོ་དམག”གི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་པ། “ཏང་འཛུགས་སྐྱོང་དང་ལས་རིགས”ཀྱི་མཉམ་བཅོས་ལས་སྟེགས་གཏོད་པ། དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ།གསར་དར་ཁྱབ་ཁོངས་ཀྱི་ཏང་ཡོན་གྱིས་ལག་རྩལ་འགག་སྒྲོལ་དང་སྤྱི་ཕན་ཞབས་ཞུའི་ཁྲོད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་རྒྱུར་ཁྲིད་སྟོན་བྱེད་དགོས།

ཀྲང་ཏིང་ཁྲེང་གིས་ནན་གསུངས་གནང་དོན།རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲིའི་སྦྲེལ་ཐག་བརྟན་དུ་གཏོང་དགོས་ཤིང་། གྲོང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གཉིས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ་དང་།ལས་རིགས་ཁག་གི་ཏང་ཨུད་ཀྱིས“ལས་རིགས་ལ་དོ་དམ་བྱེད་དགོས་ལ་ཏང་འཛུགས་སྐྱོང་ལའང་དོ་དམ་བྱེད་པའི”འགན་འཁྲི་ཁུར་དགོས་པ།ཁོངས་གཏོགས་ཚན་པས་ཐ་སྐྱོང་དོ་དམ་བཅས་བྱས་ཏེ།གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་དམ་འཛིན་གནད་ལ་འཁེལ་བར་བྱེད་དགོས་པ། སྔོན་ཐོན་དཔེ་མཚོན་འདེམས་པ་དང་མཉམ་བཅོས་ལས་སྟེགས་བསྐྲུན་པ་བརྒྱུད།གཞི་རིམ་བཅོས་སྐྱོང་དང་སྤྱི་ཕན་ཞབས་ཞུའི་ནང་གསར་དར་ཁྱབ་ཁོངས་ཀྱི་ཚོགས་སྤྱི་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ།ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-10 6 6 拉萨日报藏文 c206567.html 1 གྲོང་ཁྱེར་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཀོད་གཏོང་ཚོཊ་འདུ་འཚོགས་པ། /enpproperty-->