ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་གྱི་མ་ལམ་གཙོ་བོར་ཕེབས་ཏེ་ཡུལ་དངོས་སུ་གྲོང་ཁྱེར་ལ་དོ་དམ་ཞིབ་ཚགས་བྱེད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་བྱེད་པ། ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་གྲོང་ཁྱེར་ལ་དོ་དམ་ཞིབ་ཚགས་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་སྤུས་ཚད་དང་གྲོང་ཁྱེར་གྱི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་དང་། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་། ལེའུ་ལེང་བཅས་བརྟག་ཞིབ་ནང་ཞུཊ་ཡོད།
བཅིངས་འགྲོལ་ལམ་དང་མི་རིགས་ལམ་དུ་ཤའོ་ཡིའུ་ཚའེ་ཡིས་གཟིགས་ཞོར་དང་ཕེབས་ཞོར་དུ་འགྲོ་ལམ་སྔོ་འགྱུར་དང་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་བསྟན་དོན། འགྲོ་ལམ་ནི་གྲོང་ཁྱེར་གྱི་རྩ་བ་ཡིན་ལ་གྲོང་ཁྱེར་གྱི་རྣམ་པ་མངོན་པའི་སྐར་ཁུང་ལྟ་བུ་ཞིག་ཀྱང་ཡིན། རིམ་པ་ཁག་དང་ཚན་པ་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དཀའ་གནད་དང་འགག་གནད་ལ་དམ་པོར་དམིགས་པ་དང་། གནད་སྨིན་ངང་ཤུགས་འདོན་པ། རྒྱུན་མཐུད་ངང་ཤུགས་རྒྱག་པ་བཅས་བྱས་ཏེ། ཕར་ཆིན་རྒྱག་པའི་སྙིང་རུས་ལ་བརྟེན་ནས་འགྲོ་ལམ་སྔོ་འགྱུར་དང་། བཀྲག་མདངས་འཚེར་བ། གཙང་བཟོ། མཛེས་བཟོ་བཅས་ཀྱི་ལས་དོན་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་དེ་བས་བདེ་འཇགས་དང་། སྟབས་བདེ། སྐྱིད་སྣང་དོད་པ་བཅས་ཀྱི་ཕྱིར་སྐྱོད་ཀྱི་ཁོར་ཡུག་ཅིག་ཧུར་ཐག་གཏོད་དགོས། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་དོ་དམ་ལམ་སྲོལ་མུ་མཐུད་ནས་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱུན་གཏན་གྱི་ལྟ་སྐུལ་དང་སྲིད་འཛིན་ཁྲིམས་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社