分享按钮

(པར་ངོས་དང་པོར་མཐུད)ཀྲའོ་ཧུའེ་ཉན་གྱིས་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ཀྱི་ལས་དོན་སྤེལ་ཚུན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སེམས་ནུས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་གདོང་དམག་གི་བླང་བྱ་དང་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ཚེ་ད་དུང་ཧེ་བག་ཆེན་པོ་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ། ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ཚད་ལྡན་དུ་གཏོང་བར་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན།གཙོ་གནད་དང་དཀའ་གནད་ལ་དམིགས་པ་དང་། དམིགས་ས་ཡོད་པའི་སྒོ་ནས་ཐབས་ཇུས་འདོན་པ། གནད་སྨིན་ཤུགས་འདོན་བཅས་བྱས་ཏེ།གནད་དོན་དང་། བྱ་ཐབས། འགན་འཁྲི། དུས་བཀག་བཅས་ཀྱི་གསལ་ཐོ་བཞི་བཟོ་བ་དང་། ཐོ་བསུབ་དོ་དམ་བྱེད་པ། གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ཚད་ལྡན་དུ་གཏོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ་བཅས་བྱེད་དགོས། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་འགོ་ཁྲིད་གཙོ་བོ་སྐུ་ངོ་མས་དམ་འཛིན་བྱེད་པ་དང་། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ཞིབ་ཕྲར་དོ་དམ་བྱེད་པ། འགན་འཁྲིའི་ཚན་པས་འཐབ་ས་དང་པོར་ལས་དོན་སྒྲུབ་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བཅོས་སྒྲིག་གི་ལས་དོན་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན། རྒྱུན་མཐུད་བཅས་ཀྱི་སྒོ་ནས་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-08-07 6 6 拉萨日报藏文 c205593.html 1 /enpproperty-->