ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དྲ་གྲོགས་ཤིག་གིས་རང་སྐྱོང་ལྗོངས་ཀྱི་གཙོ་ཆེའི་དྲ་ཚིགས《ཧྲུའུ་ཅིའི་ ཡིག་སྒམ》བརྒྱུད་ནས་ལྷ་སའི་ལྟེ་བའི་དཔེ་གྲོང་གི་ཐོག་སོ་གཉིས་པའི་སྒྱུ་རྩལ་ཁུལ་རྒྱུན་གཏན་ལྟར་སྤྱོད་ཐབས་བྲལ་བས་ལག་ཐོགས་ཁ་པར་དང་གློག་ཀླད་ལ་གློག་གསོག་རྒྱུར་སྟབས་བདེ་མེད་པ་དང་། ལས་དོན་པར་སྐད་ཆ་དྲིས་པ་ལས་ཤེས་རྟོགས་བྱུང་བར་གློག་གི་བསྒར་ཁུང་ལ་སྐྱོན་ཤོར་བ་དང་།ཉམས་གསོའི་དུས་ཚོད་གསལ་པོ་ཤེས་ཀྱི་མེད་པ་རེད། དཔེ་ཚོང་ཁང་གིས་གང་མགྱོགས་ཉམས་བཟོ་བྱ་རྒྱུ་དང་འབྲེལ།ས་ཁོངས་གཞན་དག་གི་བསྒར་ཁུང་གི་གནད་དོན་གྲལ་བཤེར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། གནས་ཚུལ་དེར་དམིགས་ནས་གསར་འགོད་པ་ཆེད་མངགས་དཔེ་གྲོང་དུ་བཅར་འདྲིར་བསྐྱོད་པ་ཡིན།
དཔེ་གྲོང་གི་ཐོག་སོ་གཉིས་པར་གསར་འགོད་པས་སྒྱུ་རྩལ་ཁུལ་ཕུད་ས་ཁོངས་གཞན་གྱི་ས་སྟེང་གི་གློག་གི་བསྒར་ཁུང་རྒྱུན་གཏན་ལྟར་སྤྱོད་ཐུབ་པར་མ་ཟད།ཀློག་པ་པོས་ཀྱང་སྤྱོད་བཞིན་ཡོད་པ་མཐོང་བྱུང་། འོན་ཀྱང་སྒྱུ་རྩལ་ཁུལ་གྱི་ས་སྟེང་གི་གློག་གི་བསྒར་ཁུང་གི་ཁ་བརྒྱབ་ཡོད། དཔེ་ཚོང་ཁང་ཕྱོགས་ནས་བཤད་པར་གཞིགས་ན། དེའི་གོང་དུ་ཕྲུ་གུ་ཚོས་ས་ཁོངས་དེའི་ས་སྟེང་གི་གློག་གི་བསྒར་ཁུང་ནང་སྨྱུ་གུ་བླུགས་པའི་གནས་ཚུལ་ཐོན་ནས་ཐད་ཀར་གློག་སྐུད་ཆད་པའི་གནས་ཚུལ་ཐོན་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ཐོན་ཡོད།དེར་བརྟེན་དཔེ་གྲོང་གིས་སྒྱུ་རྩལ་ཁུལ་གྱི་ས་ཁོངས་སུ་གློག་སྒོ་རྒྱག་རྒྱུའི་ཐག་བཅད་པ་རེད། ལྷ་སའི་ལྟེ་བའི་དཔེ་གྲོང་གི་འགན་འཁུར་བ་ཕུར་བུ་ཚེ་རིང་གིས་དང་ཐོག་རྒྱ་ཆེའི་ཀློག་པ་པོས་ང་ཚོའི་དཔེ་གྲོང་ལ་བཏོན་པའི་རྩ་ཆེའི་བསམ་འཆར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་སྐུ་ཞབས་ལི་ལགས་ཀྱིས་བཏོན་པའི་སྒྱུ་རྩལ་ཁུལ་གྱི་གློག་གི་བསྒར་ཁུང་ཁ་བརྒྱབ་པའི་གནད་དོན་ཐད། གཅིག་ནས་ཀློག་པ་པོའི་བདེ་འཇགས་ཀྱི་གནད་དོན་ལ་བསམ་གཞིགས་བྱས་པ་དང་། གཉིས་ནས་སྒྱུ་རྩལ་ཁུལ་ནི་ལྟོས་བཅས་ཀྱིས་བཀག་སྡོམ་བྱ་ཡུལ་ཞིག་ཡིན་པའི་ཁར། དཔེ་ཁང་གི་བདེ་སྲུང་སྟོབས་ཤུགས་ལ་ཚད་གཞི་ཡོད་ཅིང་། ཉིན་གང་པོར་ལྟ་སྲུང་བྱེད་མི་ཐུབ་པས། སྒྱུ་རྩལ་ཁུལ་གྱི་གློག་གི་བསྒར་ཁུང་གནས་སྐབས་ཕྱི་ཕྱོགས་སུ་སྒོ་ཕྱེ་རྒྱུ་མིན། གལ་ཏེ་ཀློག་པ་པོས་གློག་གསོག་དགོས་ཚེ་ང་ཚོའི་ཞབས་ཞུའི་སྟེགས་བུ་དང་ས་ཁོངས་གཞན་དག་ཚང་མར་གློག་གསོག་ཐུབ། སྒྱུ་རྩལ་ཁུལ་གྱི་གློག་གི་བསྒར་ཁུང་ཁ་བརྒྱབ་ནས་ཀློག་པ་པོར་སྟབས་བདེ་མེད་པར་དགོངས་དག་ཞུ་རྒྱུ་ཡིན་ཞེས་བཤད།
ལྷ་སའི་ལྟེ་བའི་དཔེ་གྲོང་ཕྱོགས་ཀྱིས་སླད་ཕྱིན་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཀློག་པ་པོར་བདེ་འཇགས་དང་སྐྱིད་སྣང་དོད་པའི་དཔེ་ཀློག་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
དེར་བརྟེན་རྒྱ་ཆེའི་གྲོང་མི་ཚོར་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་ཐུན་མོང་ཐོག་སྒྲིག་ཆས་ལ་གཅེས་སྤྲས་བྱེད་དགོས་པ་དང་ཁྱིམ་བདག་གིས་ནར་མི་སོན་པའི་མིར་དེ་བས་ལྟ་རྟོག་ཡག་པོ་བྱས་ཏེ་སྤྱི་པའི་སྒྲིག་ཆས་བེད་སྤྱོད་ཡག་པོ་མ་བྱུང་བའི་རྐྱེན་གྱིས་བདེ་འཇགས་ཀྱི་གནད་དོན་མི་ཐོན་པའི་དྲན་སྐུལ་བྱས་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社