ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་5ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། ལྷ་སའི་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་གྱི་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་དམག་དོན་ཉིན་མོའི་བྱེད་སྒོར་ཞུགས་པ་དང་འབྲེལ་དཔུང་སྡེའི་དཔོན་དམག་ལ་གཟིགས་སྐོར་འཚམས་འདྲི་ཡང་གནང་ཞིང་། གྲོང་ཨུད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་དོན་པ། ཡུལ་དམག་གི་རྗེས་གྲབས་པ། དམག་ཞབས་ཐིམ་པའི་དམག་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། ཉ་ཆུ་ལྟ་བུའི་བརྩེ་སེམས་དང་དམག་དཔུང་དང་ས་གནས་ཀྱི་འཕེལ་རྒྱས་ཀྱི་སྐོར་གླེང་བ་རེད།
ཤའོ་ཡིའུ་ཚའེ་སྔ་རྗེས་སུ་ལྷ་སར་བཅའ་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་པུའུ་ཞིག་དང་། དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་གི་རུ་འབྲིང་ཞིག ལྷ་ས་གྲོང་ཁྱེར་ཡུལ་དམག་སྦྱོང་བརྡར་རྟེན་གཞི་བཅས་སུ་ཕེབས་ནས་ལས་སྒྲུབ་དཔོན་དམག་ཚོར་འཚམས་འདྲིའི་དངོས་པོ་ཕུལ་བ་དང་འབྲེལ་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་ཡང་གནང་སྟེ། དཔུང་སྡེ་འཛུགས་སྐྱོང་དང་དཔོན་དམག་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཤའོ་ཡིའུ་ཚའེ་ཡིས་ཐོག་མཐའ་བར་གསུམ་དུ་ལྷ་སར་བཅའ་སྡོད་རྒྱ་ཆེའི་དཔུང་སྡེའི་དཔོན་དམག་ཚོས་ཐོག་མའི་བསམ་འདུན་དང་།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社