ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་5ཉིན།གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་ཆེད་དོན་སྐུལ་འདེད་ཚོགས་འདུ་འཚོགས་ནས་དུས་མཚམས་གོང་མའི་ལས་ཀའི་ཕན་འབྲས་ལ་ཕྱོགས་སྡོམ་དང་མིག་སྔར་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་སླར་ཡང་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ཀྱི་སྣེ་ཁྲིད་པ།གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲའོ་ཧུའེ་ཉན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་། གྲོང་ཁྱེར་ཁྲོམ་ར་བཅོས་སྒྲིག་ཆེད་དོན་ཚན་ཁག་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲང་ཡུང་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། ཉེ་དུས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་དཀའ་གནད་དང་འགག་གནད་བརྡ་ཁྱབ་བཏང་བ་རེད།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社