分享按钮

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་ཁྲི་སྟོང་མངོན”ཞེས་པའི་དྲ་རྒྱའི་གྲགས་ཅན་མི་སྣ་བོད་དུ་བསྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མངོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་29ཉིན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དྲ་རྒྱའི་སྤྱི་ཚོགས་ལས་དོན་ཅུས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་ཁྲི་སྟོང་མངོན་ཞེས་པའི་དྲ་རྒྱའི་གྲགས་ཅན་མི་སྣ་བོད་དུ་བསྐྱོད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་དྲ་རྒྱའི་གྲགས་ཅན་མི་སྣ་དང་ཚོགས་པའི་སྨྱན་སྦྱོར་གྱི་གསར་འགོད་པ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་དང་། བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་། བར་སྐོར་ཁྲོམ་གཞུང་སོགས་ཀྱི་ཁྱད་ལྡན་གནས་ཡུལ་ལ་བཅར་འདྲིར་བསྐྱོད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་དཔང་པོ་བྱས་ཏེ་པར་ཆས་དང་ཡི་གེའི་ཐོག་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་འཕེལ་རྒྱས་གཏམ་རྒྱུད་ཟིན་ཐོར་བཀོད་ཡོད།

“འཛིན་གྲྭའི་ཀྲུའུ་རེན་གྱི་སློབ་ཚན”ཞེས་པའི་དཔོད་ཆུང་གི་གྲགས་ཅན་མི་སྣས།འཛམ་གླིང་ཡང་རྩེ་ཞེས་སྐད་གྲགས་ཤིན་ཏུ་ཆེ་བའི་མཚོ་བོད་ས་མཐོར་ཡོང་ཐེངས་དང་པོ་ཡིན། སེམས་ནང་དགའ་ཚོར་ཆེན་པོ་སྐྱེད་བྱུང་། འདི་གའི་ནམ་མཁའ་ནི་སྔོ་ཞིང་དྭངས་པ་དང་། རི་ཚོགས་བརྗིད་ཆགས་པ། ལམ་ངོས་ཀྱང་ཧ་ཅང་གཙང་བས་སྐྱིད་སྣང་དོད་པ་ཞིག་འདུག ང་ཚོ་མུ་མཐུད་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་དང་བར་སྐོར་ཁྲོམ་གཞུང་དུ་བསྐྱོད་རྩིས་ཡོད། དེ་ཡང་གཅིག་ནི་མངོན་མིན་རིག་གནས་ཤུལ་བཞག་གི་སྒྱུ་རྩལ་ཚོམས་ཆེན་ཞིག་ཡིན་པ་དང་གཅིག་ཤོས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་གྱི་ཁྲོམ་གཞུང་ཞིག་ཡིན་པས་དེ་གཉིས་ཀར་ང་རང་འགྲོ་འདོད་ཆེན་པོ་ཡོད། སྨྱན་སྦྱོར་གསར་པ་དང་རང་སྨྱན་སྦྱོར་གྱི་ལས་རིགས་གཉེར་ནས་ལོ་བཅུ་ལྷག་ཙམ་སོང་རིང་།ང་རང་གྲོང་ཁྱེར་མང་པོར་བསྐྱོད་མྱོང་ཡོད། ངས་པར་ཆས་དང་སྨྱུ་གུ་སྤྱད་དེ་ལས་སྟེགས་ཁག་གི་དྲ་གྲོགས་ཚོར་བོད་རང་སྐྱོང་ལྗོངས་ཀྱི་ལོ་ངོ་60རིང་གི་འཕོ་འགྱུར་མཉམ་དུ་མྱོང་ཚོར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོས་འཕེལ་རྒྱས་ཀྱི་འཕར་རྩ་དངོས་ལ་གཞི་ཚུགས་པ་དང་ས་མཐོའི་རྣམ་པ་གསར་པ་མངོན་པར་བྱས་ཏེ།འབྱུང་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། ཐོན་ལས་གསར་གཏོད་སོགས་སྣ་མང་གི་རྣམ་པ་མཉམ་དུ་སྦྲེལ་ཡོད། བྱེད་སྒོའི་ནང་ཞུགས་མཁན་དྲ་གྲགས་ཚོས་བརྙན་ཐུང་དང་། ལོ་རྒྱུས་པར་རིས་དང་ཡི་གེའི་ལམ་ནས་ཟིན་ཐོར་བཀོད་པ། ཐད་གཏོང་མཉམ་འགུལ་སོགས་ཀྱི་རྣམ་པ་བརྒྱུད་ལས་སྟེགས་ཁག་ཏུ་བོད་ལྗོངས་འཕེལ་རྒྱས་ཀྱི་རྣམ་པ་དུས་གཅིག་ཏུ་མངོན་པར་བྱ་རྒྱུ་ཡིན་ཞིང་། ལྷོ་རི་བྱང་རིའི་འབྱུང་ཁམས་ཀྱི་རྣམ་པ་ནས་ལོ་ངོ་སྟོང་གི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བར་དང་། དེང་རབས་ཅན་གྱི་བོད་སྨན་ཐོན་སྐྱེད་བྱས་ཚུལ་ནས་ཚན་རྩལ་ཁེ་ལས་བར་གྱི་གསར་གཏོད་གསོན་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ།འབྱུང་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། དཔལ་འབྱོར་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་བོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-31 རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མངོན་པ། 6 6 拉萨日报藏文 c205178.html 1 “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་ཁྲི་སྟོང་མངོན”ཞེས་པའི་དྲ་རྒྱའི་གྲགས་ཅན་མི་སྣ་བོད་དུ་བསྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->