(པར་ངོས་དང་པོར་མཐུད)དགེ་རྒན་གྱི་ཁྱིམ་གཞིས་ཁྱབ་ཚད་བརྒྱ་ཆ་100ཟིན་ཡོད།ཏང་གི་རིཊ་པའི་གཞུང་ལུཊ་གསར་ཤོས་དེ་སློབ་གསོའི་ལས་དོན་གྱི་བསམ་བློའི་ཕྱོཊ་སྟོན་དུ་གྱུར་ནས་སློབ་གཉེར་སློབ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།
ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྨང་གཞི་བརྟན་དུ་བཏང་བ།
མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དང་།མི་ཇི་ལྟར་གསོ་སྐྱོང་བྱ་རྒྱུ།སུའི་ཆེད་དུ་གསོ་སྐྱོང་བྱ་རྒྱུ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཡིན།ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།སློབ་གསོ་ལྔ་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་ཁུངས་དང་།སློབ་གྲྭ།སློབ་ཁང་།བསམ་བློ།དྲ་རྒྱ་བཅས་སུ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སློབ་མ་རྣམས་བསམ་བློའི་འཚོ་སྐྱོང་ཁྲོད་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱེད་ཀྱི་ཡོད།
ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་མཐོ་རིམ་ལོ་རིམ་གཉིས་པའི་སློབ་མ་བདེ་ཆེན་དཔལ་འཛོམས་ཀྱིས།ལི་པིན་ཙིར་འཕྲིན་ཡིག་འབྲི་སྐབས།ངས་རྟག་ཏུ་ཁོ་མོའི་སྨྱུ་རྩེ་ལས་ཐོན་པའི་པེ་ཅིང་གི་ཁྲོམ་གཞུང་དེ་གང་འདྲ་ཞིག་ཡིན་པ་བསམ་ཚོད་བྱེད་ཀྱི་ཡོད།འཕྲིན་ཡིག་ནང་དུ་ངས་གནམ་མཚོའི་སྔོ་ཞིང་དྭངས་བའི་ཁ་མདོག་བྲིས་པ་དང་ཁོ་མོས་གནའ་བོའི་ཕོ་བྲང་གི་ཉམས་སྣང་བྲིས་ཡོད།ཡིག་འབྲུ་རེ་རེའི་བར་དུ་ཅིང་བོད་ཀྱི་བར་ཐག་ནི་ཉི་མས་བཞུར་བའི་གངས་ཆུ་དང་འདྲ་བར་ཤང་ཤང་དུ་རྒྱུག་པའི་ཆུ་བོ་ལྟ་བུར་གྱུར་ཡོད།རང་ཉིད་སློབ་གྲྭའི་ཞིབ་སློབ་བྱེད་སྒོར་ཞུགས་པ་བརྒྱུད།པེ་ཅིང་དུ་ཁོ་མོ་དང་འཕྲད་བྱུང་།ང་ཚོ་དཔུང་པ་མཉམ་གཤིབ་ངང་ཁོ་མོའི་འཕྲིན་ཡིག་ནང་གླེང་མྱོང་བའི་ཟུར་ཐོག་ཁང་ཆེན་དུ་སྐྱོད་སྐབས།ངས་གློ་བུར་དུ་འཕྲིན་ཡིག་བཀླགས་པ་ནི་གདོང་འཕྲད་པ་དང་འདྲ་བའི་སེམས་ནང་གི་ཐོག་མའི་བསམ་ཚུལ་ཡིན་པ་ཤེས་བྱུང་། སྐབས་དེ་དུས་དཔུང་པ་མཉམ་གཤིབ་བྱས་པ་དེས་ང་ཚོ་ཡུལ་ལུང་མི་གཅིག་པར་འཚོ་གནས་བྱས་ཀྱང་ནམ་མཁའ་གཅིག་གི་འོག་ཏུ་འཚོ་བཞིན་པ་ཤེས་བྱུང་།འཕྲིན་ཡིག་བཀླགས་པས་གདོང་འཕྲད་པ་དང་འདྲ་ཞེས་པའི་བྱེད་སྒོ་བརྒྱུད།མི་རིགས་མཐུན་སྒྲིལ་ནི་སྤྱི་མཚན་གྱི་ཐ་སྙད་ཅིག་མིན་པ་ངས་དངོས་གནས་ཚོར་བྱུང་།དེས་ང་ལ་གཏམ་རྒྱུད་མི་འདྲ་ཡང་ཁྱིམ་ཚང་གཅིག་གི་དོན་སྙིང་ཡིན་པ་ཤེས་རྟོགས་བྱུང་ཞེས་བཤད།
དུས་ཡུན་རིང་པོའི་ནང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ལྷ་ས་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ཕན་འབྲས་དེ་སློབ་གྲྭའི་ལས་དོན་ཁག་ལ་ཞིབ་བཤེར་བྱེད་པའི་རྩ་བའི་ཚད་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཁྱིམ་ཚང་དང་།སློབ་གྲྭ།སྡེ་ཁུལ་བཅས་ཀྱིས་མི་སྣ་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ།ལྗོངས་ཡོངས་སུ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དང་།ས་ཁུལ་དང་གྲོང་ཁྱེར་རིམ་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་འཛུགས་སྐྱོང་གི་གཅིག་མཐུན་ཚོཊ་པ་ཐོག་མ་དེ་བཙུཊ་ནས་རིག་ཚན་ཁག་གི་བསམ་བློ་ཆབ་སྲིད་མི་སྣ་གསོ་སྐྱོང་གི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཐོག་བསམ་བློ་ཆབ་སྲིད་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།སྤྲིན་རྩིས་ཡུལ་སྐོར་རྟེན་རྫས་བཤམས་མཛོད་ཁང་དང་།པེ་ཅིང་དང་བོད་ལྗོངས་སེམས་པ་མཐུན།འཕྲིན་ཡིག་བཀླཊ་པས་གདོང་འཕྲད་པ་དང་འདྲ་ཞེས་པའི་སློབ་མས་འཕྲིན་ཡིག་གཏོང་རེས་བྱས་ནས་གྲོགས་པོ་སྒྲིག་པ་སོཊ་ཀྱི་བྱེད་སྒོ་གསར་གཏོད་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་དེ་བས་བརྩེ་བ་ལྡན་པ་དང་དངོས་ཕན་རང་བཞིན་ལྡན་པར་བྱས་པས་ཚེ་དབང་བདེ་སྐྱིད་དང་ཝུའེ་ཙེ་ནུའོ་སོཊ་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་གསོ་སྐྱོང་བྱས་ཡོད།
གཞི་ཁྱོན་ཆེ་རུ་བཏང་ནས་སློབ་གསོ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་བུ་བཅོལ་ཁང་དུ་ཕྲུ་གུ་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་ནང་རྩེད་མོ་རྩེ་བཞིན་ཡོད་པ་དང་།བུ་རྫི་ཨ་ཅག་གིས་ཁོང་ཚོའི་མདུན་དུ་འཚོ་བཅུད་ལྡན་པའི་ལྟོ་ཆས་སྐྱེལ་གྱི་ཡོད།ཁྱིམ་བདག་བདེ་སྐྱིད་དཔལ་སྒྲོན་གྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཞིང་།ཁོང་གིས་དེ་སྔ་སློབ་གྲྭ་འགྲིམ་པ་ནི་དཀའ་གནད་ཅིག་རེད།ང་ལྟ་བུ་བུ་བཅོལ་ཁང་དུ་འགྲོ་མྱོང་མེད།ད་ཆ་ཁྱིམ་གྱི་སྒོ་འགྲམ་དུ་འདི་ལྟ་བུའི་བུ་བཅོལ་ཁང་ཡག་པོ་ཡོད་པ་དང་།བྱིས་པར་འདི་ནས་སློབ་གསོ་ཡག་པོ་དང་ལེན་བྱེད་ཐུབ་པས།ང་ཚོ་བློ་ཡིད་ཚིམ་སོང་ཞེས་བཤད།
བོད་རྙིང་པར་སློབ་གསོ་ཐོབ་དཀའ་བ་ནི་ལོ་རྒྱུས་སུ་གྱུར་ཡོད།ལོ་ངོ་60ཡི་རིང་དང་ལྷག་པར་དུ་ཏང་གི་ཚོཊ་ཆེན་བཅོ་བརྒྱད་པ་འཚོཊ་ཚུན།ལྷ་ས་གྲོང་ཁྱེར་གྱིས་སློབ་གསོར་མ་དངུལ་གཏོང་ཤུཊ་མུ་མཐུད་ཆེ་རུ་བཏང་ནས་གཅིག་སྡུད་སློབ་གཉེར་དང་།དོ་དམ་ལེགས་གཏོང་།བཀོད་པ་ལེཊ་སྒྲིག་བཅས་བྱས་པ་བརྒྱུད།འཐུས་སྒོ་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་བསྐྲུན་པས་རིམ་པ་ཁག་དང་རིཊ་ཁག་གི་སློབ་གྲྭ་ཆར་རྗེས་མྱུ་གུ་འབུས་པ་ལྟར་ཐོན་ཡོད།མིག་སྔར་གྲོང་ཁྱེར་ཡོངས་ཀྱི་སློབ་ཞུགས་གོང་གི་ལོ་གསུམ་གྱི་བུ་བཅོལ་ཁང་དུ་བྱིས་པ་ཞུཊ་ཚད་བརྒྱ་ཆ་99.23ཟིན་པ་དང་།ལོ་དགུའི་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་བརྒྱ་ཆ་99.49ཟིན་པ།མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་མ་སློབ་ཞུཊ་བྱེད་ཚད་བརྒྱ་ཆ་97.35ཟིན་པ། སློབ་གསོའི་དམིཊ་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་ལས་བརྒལ་ནས་རྒྱལ་ཡོངས་ཀྱི་སློབ་གསོ་དང་མཉམ་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་བྱུང་ཡོད། དུས་མཚུངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལས་དོན་གྱི་ཚད་ལོན་སློབ་གྲྭ་འཛུཊ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་གྱི་སྤྱི་སྐད་གསོ་སྦྱོང་བྱེད་ཚད་དང་ལག་ཁྱེར་བླངས་ཚད་སྤྱིའི་ཆ་ནས་བརྒྱ་ཆ་100ཟིན་ཡོད།
སྒྱུར་བཅོས་གསར་གཏོད་བྱས་ནས་སློབ་གསོ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།
ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ཏུ་བརྒྱུད་ལམ་སྣེ་མང་གི་སྒྲིག་ཆས་སྤྱད་དེ་སློབ་ཁྲིད་བྱེད་པ་དང་སློབ་མ་ཚོ་མཉམ་འགུལ་ནང་ཧུར་ཐག་ཞུགས་པའི་རྣམ་པ་དེ་རྒྱུན་རྣམ་དུ་གྱུར་ཡོད།ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱིས་མཐུན་སྒྲིལ་དང་།བདེ་ཐང་།བློ་གྲོས།དུས་བདེ།འབྱུང་འཕྲོད། ཤེས་དཔལ་བཅས་ཀྱི་རྣམ་པ་དྲུག་གི་སློབ་གྲྭ་གཏོད་པའི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ནས་ཆ་འཕྲིན་ལ་བརྟེན་ནས་སློབ་ཁྲིད་དང་།གྲགས་ཅན་དགེ་རྒན་གྱིས་སློབ་ཁྲིད་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་ཆ་སྒྲིག རིགས་གཅིག་མཁས་ཅན་གྱིས་སློབ་གྲྭར་ལྟ་སྐུལ་བྱེད་པ་སོཊ་ཀྱི་བྱེད་ཐབས་ལག་བསྟར་ཤུཊ་ཆེན་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།
2023ལོར་སྟག་རྩེ་ཆུས་ལ་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་ཡོད།2024ལོར་མལ་གྲོ་གུང་དཀར་དང་།ལྷུན་གྲུབ།ཆུ་ཤུར་བཅས་རྫོང་གསུམ་ལ་རྫོང་ཁོངས་ཀྱི་སློབ་ཞུགས་གོང་གི་ཀུན་ཕན་ཁྱབ་གདལ་གྱི་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་ཡོད།སྟོད་ལུང་བདེ་ཆེན་ཆུས་གྲོང་ཁྱེར་ཡོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཐོག་མར་གྱུར་པ།འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་ལས་དོན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།ཀུན་གསལ་སློབ་བསྡུའི་སྲིད་ཇུས་ལས་སློབ་གསོ་དེ་བས་དྲང་གཞག་བྱུང་ཡོད།གཞན་ཡང་།ལྷ་ས་གྲོང་ཁྱེར་གྱིས་ད་དུང་སྤུས་ལེགས་སློབ་གྲྭའི་ཡན་ལག་སློབ་གྲྭའི་ལམ་ལུགས་སྒྱུར་བཅོས་དང་སློབ་གསོའི་མནའ་འབྲེལ་སློབ་གྲྭའི་བྱེད་སྟངས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་དང་།ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་།ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ་སོགས་སློབ་གྲྭ་ཚང་མར་ཡན་ལག་སློབ་གྲྭ་བཙུགས་ཡོད།ལྗོངས་ཕྱིའི་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭར་སློབ་མ་བསྡུ་ཚད་ལོ་གཉིས་བསྟུད་མར་ཚད་བརྒལ་ངང་ལེགས་གྲུབ་བྱུང་ནས་སློབ་མ་བསྡུ་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
སློབ་གསོ་སྒྱུར་བཅོས་གསར་གཏོད་ཐད་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ་སྐར་གྲངས་སྔོན་ལ་འཇོག་པ་དང་འདོད་བློར་བརྩི་སྲུང་ཞུ་བའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི་སློབ་བསྡུའི་རྣམ་པའི་སྒྱུར་བཅོས་སྔོན་ལ་ཁྱབ་གདལ་བཏང་བ་དང་འབྲེལ།མཐོ་རིམ་སློབ་འབྲིང་གི་སློབ་གཉེར་དཔྱད་དཔོག་སྔོན་ལ་བྱས་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་བ་རེད།མཐོ་རྒྱུགས་ཀྱི་སྐར་གྲངས་ལོན་ཚད་2020ལོའི་བརྒྱ་ཆ་57ནས་2024ལོའི་བརྒྱ་ཆ་80བར་མཐོ་རུ་ཕྱིན་པ་དང་།གཙོ་གནད་དངོས་གཞིའི་ཚན་ཁག་གི་སྐར་གྲངས་ལོན་ཚད་2020ལོའི་བརྒྱ་ཆ་31ནས་2024ལོའི་བརྒྱ་ཆ་54བར་མཐོ་རུ་ཕྱིན་ནས་བརྒྱ་ཆ་23འཕར་ཡོད།
དགེ་རྒན་དཔུང་ཁག་སྟོབས་ཆེར་བཏང་ནས་སློབ་གསོ་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་བཏོད་པ།
སློབ་གསོའི་ཇུས་ཆེན་ནི་དགེ་རྒན་རྩ་བར་འཛིན་རྒྱུ་དེ་ཡིན།ལྷ་ས་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་ལས་དོན་ལ་བརྩིས་ནས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལེགས་སུ་གཏོང་བའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་།དགེ་རྒན་གྱི་འཇོན་ཐང་ཆེ་རུ་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུཊ་པ་དང་འཐུས་སྒོ་ཚང་དུ་གཏོང་བ།དགེ་རྒན་གྱི་མཚན་སྙན་གཟེངས་བསྟོད་བྱེད་ཤུཊ་ཆེ་རུ་གཏོང་བ་བཅས་བྱས་ཡོད།དགེ་རྒན་གྱི་གླ་ཆ་དེ་ས་བབ་མཐོ་བ་དང་ཐག་རིང་སློབ་གྲྭར་ཕྱོགས་ནས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་1000ཟིན་པས།དགེ་རྒན་གྱི་ལས་རིགས་ལ་ཞུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་།ཡུན་རིང་སློབ་གསོའི་ལས་ལ་གཞོལ་བ་དང་ཚེ་གང་སློབ་གསོའི་ལས་ལ་གཞོལ་བའི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པ་བརྒྱུད།ང་ཚོས་དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་དང་སློབ་ཁྲིད་ཆུ་ཚད་མཐོ་རུ་བཏང་བ་དང་།དགེ་རྒན་དཔུང་ཁག་དབར་གྱི་གླེང་མོལ་སྤེལ་རེས་དང་མཉམ་འགུལ་མཉམ་ལས་ལ་སྐུལ་འདེད་བཏང་བ།རྒྱ་ཆེའི་དགེ་རྒན་གྱི་འགན་འཁྲི་འཁུར་སེམས་དང་།ལས་འགན་སྒྲུབ་སེམས།བདེ་སྣང་།ཐོབ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད།
ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་གསོ་ཚན་ཞིབ་ལྟེ་གནས་ཀྱི་ཀྲུའུ་རེན་དང་མཐོ་རིམ་བསམ་བློ་ཆབ་སྲིད་དགེ་རྒན་ལི་ཞའོ་ཧུའེ་ཡིས།སླད་ཕྱིན་གྱི་ལས་དོན་ཁྲོད་ངས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་།སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ།སློབ་གསོའི་བྱ་གཞག་ལ་གཞོལ་བ་བཅས་བྱས་ནས་བོད་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།
ལོ་ངོ་60ཡི་རིང་།ལྷ་ས་གྲོང་ཁྱེར་གྱི་དགེ་རྒན་དཔུང་ཁག་གི་གྲངས་འབོར་དང་།གྲུབ་ཆ།འཇོན་ཐང་སོཊ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད།ཉེ་བའི་ལོ་ལྔའི་རིང་།ལྷ་ས་གྲོང་ཁྱེར་གྱི་དགེ་རྒན་ལ་རྒྱལ་ཁབ་རིམ་པའི་མཚན་སྙན་ཐོབ་མཁན་50ལྷག་ཙམ་དང་།རང་སྐྱོང་ལྗོངས་རིམ་པའི་མཚན་སྙན་ཐོབ་མཁན་449 གྲོང་ཁྱེར་རིམ་པའི་མཚན་སྙན་ཐོབ་མཁན་880བཅས་ཡོད།
ལོ་ངོ་60ཡི་རིང་།འབད་འབུངས་ཡར་བརྩོན་བྱས་པས་ལྷ་སའི་སློབ་གསོར་སློབ་གྲྭ་འགྲིམ་རྒྱུ་ཡོད་པ་ནས་སློབ་གྲྭ་ཡག་པོ་འགྲིམ་རྒྱུ་ཡོད་པའི་བར་གྱི་འཕོ་འགྱུར་ཆེན་པོ་བྱུང་བ་དེ་ནི་བོད་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་བསྡུས་རིས་ཤིག་ཡིན་པར་མ་ཟད།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གསོན་ཉམས་དོད་པོས་མངོན་པ་ཞིག་དེ་བས་ཀྱང་རེད།འགོ་འཛུགས་ས་གསར་པའི་ཐོག་ལྷ་སའི་སློབ་གསོ་མུ་མཐུད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།སྤུས་ཚད་མཐོ་རུ་གཏོང་བ།དྲང་གཞག་ལ་སྐུལ་འདེད་གཏོང་བ།དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社