分享按钮

ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་25ཉིན།ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད།

ཚོགས་འདུའི་ཐོག་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་ཏང་ཡོན་ལས་བྱེད་པས་འཕྲིན་ལན་གྱི་ནང་དོན་རེ་རེ་བཞིན་ཞིབ་ཀློག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བར་ཐུགས་ཁུར་ཟབ་མོ་དང་ཐུགས་རེ་ཟབ་མོ་གནང་ལུགས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་འཕྲིན་ལན་དུ་ས་མཐོའི་མང་ཚོགས་ཀྱི་བདེ་སྐྱིད་ལ་བརྩེ་སེམས་མཚོན་པ་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། ཚོགས་ཞུགས་མི་སྣས་འཕྲིན་ལན་དུ་དྲོད་ཚད་དང་སྟོབས་ཤུགས་ལྡན་པས་མི་སེམས་གཅིག་སྒྲིལ་དང་སྙིང་སྟོབས་འཕེལ་བར་བྱེད་པའི་བསམ་བློའི་སྒྲོན་མེ་ཞིག་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དོ་དམ་ཨུ་ལྷན་ར་མ་སྒང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲང་ཕུང་ཏའོ་ཡིས་གཞི་རིམ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་དང་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁྲལ་གནང་ལུགས་མྱོང་ཚོར་ཐུབ་ཡོད། ཁོང་གིས་བྱམས་བརྩེའི་ཐུགས་ཁུར་དེ་ལྟ་བུ་ནི་ང་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་པར་མ་ཟད། མཐོ་གསར་ཁུལ་གྱི་ལྟེ་བར་གཞི་ཚུགས་ནས་ཚན་རྩལ་གྱི་ནུས་པ་དང་ཞབས་ཞུ་རིམ་སྤོར་ཏན་ཏིག་དང་མཐར་ཕྱིན་པ་ཞིག་ཡོང་རྒྱུ་རེད་ཅེས་བཤད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་པའི་འགག་རྩ་ནི་དོན་འཁྱོལ་དང་མི་དམངས་ཀྱི་དོན་ཐོག་ཏུ་འཁྱོལ་རྒྱུ་དེ་ཡིན། ལས་བྱེད་པ་ཡོངས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་བྱ་སྤྱོད་ཏན་ཏིག་གི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་རེ་སྒུག་ལ་བརྡ་ལན་སློག་རྒྱུའི་སེམས་ཐག་བཅད་པ་རེད། ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་ཡུལ་ཁོངས་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་ཏེ་ཐོན་ལས་འཕེལ་རྒྱས་དང་། འབྱུང་ཁམས་འཛུགས་སྐྱོང་། རིག་གནས་ཞབས་ཞུ་སོགས་ཐད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཆེ་རུ་བཏང་ནས་དར་རྒྱས་ཀྱི་གྲུབ་འབྲས་དངོས་འབྲེལ་མིག་མཐོང་ལག་ཟིན་དང་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་རེད།

འཕྲིན་ལན་ཞིག་ནས་ས་ཁོངས་ཤིག་གི་ཆོད་སེམས་དང་བྱ་སྤྱོད་བར་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་བསམ་བློའི་སྟོབས་ཤུགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་ཡོད། མིག་སྔའི་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དུ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དེ་ས་མཐོའི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་ཞིབ་ཕྲའི་ལག་ལེན་གྱི་ཚ་རླབས་ཤིག་ཏུ་འགྱུར་བཞིན་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཆེ་རུ་གཏོང་རྒྱུ་བྱ་སྤྱོད་སྤེལ་ཡུལ་དུ་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བའི་ལེའུ་གསར་པ་རྩོམ་དགོས། (པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-31 6 6 拉萨日报藏文 c205170.html 1 ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ། /enpproperty-->