ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་28ཉིན། ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཏང་འཛུགས་སྐྱོང་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འོད་སྟོང་ལ་བསྟོད་གླུ་འབུལ། ཏང་དམངས་བློ་སེམས་གཅིག་མཐུན་གྱིས་རྟེན་འབྲེལ་ཆེན་མོར་བསུ་བ་ཞུ་ཞེས་པའི་གཙོ་དོན་རིག་རྩལ་འཁྲབ་སྟོན་འདི་གར་སྤེལ་བ་རེད། ལས་བྱེད་པ་དང་ལས་བཟོ་བ་ཡོངས་དང་ཏང་འཛུགས་སྐྱོང་མནའ་འབྲེལ་ཚན་པའི་འཐུས་མི་མཉམ་འཛོམས་ཀྱིས་གླུ་གར་འཁྲབ་སྟོན་དང་དམ་བཅའ་བརྟན་པོའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་104འཁོར་བ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད།
འཁྲབ་སྟོན་འདི་ཉིད་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་དང་ཚོམས་ཆེན་གྱི་ཏང་ཀྲི་པུའུ་དང་པོ་ཡིས《ང་ཚོ་ནི་སྲིད་དོན་ཞབས་ཞུ་བ་ཡིན》ཞེས་པའི་ཁྲོད་འགོ་ཚུགས་ཤིང་། ནུས་ལྡན་གྱི་དམ་བཅའ་ལས་སྲིད་དོན་ཞབས་ཞུས་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་མངོན་ཡོད། དེ་རྗེས་ཚོམས་ཆེན་གྱི་ཏང་ཀྲི་པུ་གཉིས་པས་བརྗིད་ཉམས་ལྡན་པའི《ཀྲུང་གོ་མི་དམངས་ཉེན་རྟོག་པའི་གླུ་གཞས》བླངས་ནས་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པར་བྱས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། ཏང་འཛུགས་སྐྱོང་མནའ་འབྲེལ་ཚན་པའི་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིས་འཁྲབ་སྟོན་བྱས་པའི་ཞབས་བྲོ《ཉི་འོད་འོག་གི་སྐལ་བཟང་མེ་ཏོག》ནི་དེ་བས་ངོ་མཚར་ཆེ་ཞིང་། འཁྲབ་སྟོན་པ་ཚོས་ལུས་ལ་བཀྲག་མདངས་རྣམ་པར་འཚེར་བའི་མི་རིགས་ཀྱི་རྒྱན་གོས་སྤྲས་པ་དང་། གར་སྟབས་མཛེས་ཤིང་ལྟ་ན་སྡུག་པ། འཛུམ་མདངས་རབ་ཏུ་འཚེར་བ་བཅས་ལས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོར་གྱུར་ཡོད།
འཁྲབ་སྟོན་ཧྲིལ་པོར་ལྟད་མོ་ཧ་ཅང་ཆེན་པོ་ཡོད། མཇུག་ཏུ་ཏང་འཛུགས་སྐྱོང་མནའ་འབྲེལ་ཚན་པའི་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི《གསར་བརྗེའི་གླུ་གཞས་མཉམ་གཏོང》གིས་ཚོགས་ར་ཡོངས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་གར་སྟེགས་ཀྱི་སྟེང་འོག་ཚང་མས་གླུ་གཞས་མཉམ་གཏོང་བྱས་སྟབས་དགའ་བསུ་རྒྱུན་ཆད་མེད་པར་གྲགས་ཡོད།
གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་རིམ་པ་གཉིས་པའི་བརྟག་ཞིབ་པ་འཇམ་རྡོར་གྱིས་ད་ཐེངས་ཀྱི་འཁྲབ་སྟོན་དེ“ཏང་དར་འོག་གི་དམ་བཅའ”ཞེས་པའི་གཙོ་དོན་ལ་དམིགས་ནས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཚང་མར་ཏང་གི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཏང་དམངས་སེམས་པ་གཅིག་མཐུན་གྱིས་དུས་རབས་གསར་པར་འབད་འཐབ་བྱེད་པའི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། འབྱུང་འགྱུར་ལྷ་སའི་སྲིད་དོན་ཞབས་ཞུའི་མ་ལག་གིས་ཏང་འཛུགས་སྐྱོང་དང་མནའ་འབྲེལ་གྱི་མཉམ་ཤུགས་མུ་མཐུད་གཅིག་ཏུ་བསྒྲིལ་ནས་བྱེད་སྒོའི་དྲང་ནུས་འདི་ཉིད་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར་ཐོག་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་རྒྱང་ལམ་གསར་པའི་ཐོག་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་རྒྱུ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社