(པར་ངོས་དང་པོར་མཐུད)ཧའོ་ལེས་སྤྱི་ཁྱབ་ཧྲུའུ་ཅིས་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གཏོད་པར་གཞོན་ནུར་མདུན་ལམ་ཆེན་པོ་ལྡན་པས་དེ་ནི་སྐུལ་ལྕག་ཅིག་ཡིན་ལ་རེ་བ་ནན་པོ་ཞིག་ཀྱང་ཡིན་ཞེས་བཤད། ཁོང་གིས་གྲོང་ཚོར་བཅའ་སྡོད་གཞོན་ནུ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་ཧུར་ལེན་དང་རང་འགན་གཙང་སྒྲུབ་བྱས་ཏེ་གཞི་རིམ་དུ་གཞི་ཚུགས་ནས་མི་ཚེའི་རིན་ཐང་མངོན་པ་དང་།གྲོང་གསེབ་དར་རྒྱས་ཀྱི་གར་སྟེགས་ཐོག་གཞོན་ནུའི་འགན་འཁྲི་འཁུར་སེམས་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ནན་གསུངས་གནང་དོན། རྒྱ་ཆེའི་གཞོན་ནུ་ཚོས་རང་རྟོགས་ངང་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་འགན་འཁྲི་འཁུར་ཕོད་པའི་ལང་ཚོའི་ལེའུ་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་དང་ཀྲུང་གོའི་ཞིང་ལས་སློབ་ཆེན་ས་ཞིང་ཐོན་ཁུངས་དོ་དམ་ཆེད་ལས་ཀྱི་སློབ་མ་ལི་དབྱི་ཐུང་གིས་ཞིང་ལས་ཚན་རིག་རིག་པའི་སློབ་མ་ཞིག་ཡིན་པའི་ངོས་ནས་ངས་རང་ཉིད་འཚར་ལོངས་ཡོང་བ་དང་ཤེས་ལྡན་པར་འགྱུར་བའི་དུས་སྐབས་ཡག་ཤོས་ལ་དམ་འཛིན་གང་ལེགས་བྱས་ཏེ་ཤེས་བྱར་སློབ་སྦྱོང་དང་འཇོན་ཐང་ཆེ་རུ་གཏོང་བ་དང་། གོམ་སྟབས་ལ་བརྟེན་ནས་ས་ཞིང་ལ་ཚད་འཇལ་བ། བརྩེ་སེམས་ཟབ་མོ་ལ་བརྟེན་ནས་ཞིང་ཁའི་མུ་ཁར་གཞི་ཚུགས་པ་བཅས་བྱ་རྒྱུ་ཡིན། སློབ་གྲྭར་ལོག་རྗེས་སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་མུ་མཐུད་ནས་འདོན་སྤེལ་ཡག་པོ་བྱས་ནས་གཞོན་ནུ་སློབ་མ་དེ་བས་མང་བར་སློབ་ཁང་ནང་གི་སློབ་སྦྱོང་དང་གྲོང་གསེབ་ཀྱི་ལག་ལེན་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་ཀྱི་ས་གཞི་ཆེན་མོའི་ཐོག་སློབ་གསོ་ཐེབས་པ་དང་། འཇོན་ཐང་ཆེ་རུ་གཏོང་བ། ལེགས་སྐྱེས་འབུལ་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
གཞོན་ནུ་ཚོ་འཚར་ལོངས་ཡོང་བ་དང་། གཞོན་ནུའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་ནི་ཏང་ཨུད་དང་སྲིད་གཞུང་རིམ་ཁག་གིས་གཞོན་ནུའི་ལས་ཀར་འགོ་ཁྲིད་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་བྱེད་པ་དང་ཁ་འབྲལ་ཐབས་མེད།
རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་ཧྥུ་ཅན་ཀྲང་ཀྲོའུ་ཐའེ་ཧྲང་མ་འཇོག་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤུའེ་ཅེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་དང་བྱས་རྗེས་འཇོག་པར་ཆ་རྐྱེན་བཟང་པོ་གཏོད་དགོས་ཞེས་པའི་བླང་བྱ་བློ་ལ་བརྟན་པོར་ངེས་ནས་གཞོན་ནུའི་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། ཕར་ཆིན་རྒྱག་པའི་རྩལ་ནུས་ལ་བརྟེན་ནས་གསོན་ཤུགས་འཕེལ་བའི་ལས་དོན་སྒྲུབ་པ། སྲིད་ཇུས་ཀྱི་ཐོན་ཁུངས་དང་། རྩ་འཛུགས་ཀྱི་ཐོན་ཁུངས། སྤྱི་ཚོགས་ཀྱི་ཐོན་ཁུངས་བཅས་བརྩོན་ལེན་ཧུར་ཐག་བྱས་ནས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་འགན་གཙང་སྒྲུབ་དང་། འཛུགས་སྐྲུན་དང་འཕེལ་རྒྱས་དེ་བས་ལེགས་པ། གཞོན་ནུའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས། གཞོན་ནུའི་འཚར་ལོངས་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
གཞོན་ནུར་མཐོང་ཆེན་བྱེད་པ་ནི་འབྱུང་འགྱུར་ལ་མཐོང་ཆེན་བྱེད་པ་དང་། གཞོན་ནུའི་ཡིད་སེམས་ཁུག་ཚེ་གཞི་ནས་འབྱུང་འགྱུར་ལ་རྒྱལ་ཁ་ཐོབ་ཐུབ།
རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཏང་ཨུད་ཀྱི་རྒྱུན་ཨུ། སློབ་སྤྱི་གཞོན་པ་བཅས་ཡིན་པའི་ཝང་པོ་ཡིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་ཏུ་གཏོང་བའི་བླང་བྱར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་གཞོན་ནུའི་ལས་དོན་གྱི་གཙོ་དོན་དང་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱེད་པ། དུས་བབ་གསར་པའི་འོག་གི་ཁྱབ་ཁོངས་ཁག་གི་གཞོན་ནུ་དང་གཞོན་ནུ་སློབ་མའི་གནས་ཚུལ་གསར་པ་དང་། ཁྱད་ཆོས་གསར་པ། འགྱུར་ལྡོག་གསར་པ་བཅས་གནད་ལ་འཁེལ་བར་བྱེད་པ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་གཙོ་གནད་ལ་དམིགས་ཏེ་གཞོན་ནུར་ཁྲིད་སྟོན་ནུས་ལྡན་བྱེད་པ་དང་། གཞོན་ནུ་སྒྲིག་འཛུགས་རྒྱ་ཁྱབ་བྱེད་པ། བློ་གཅིག་སེམས་གཅིག་གིས་གཞོན་ནུར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་གཞོན་ནུའི་མི་རབས་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱ་རྒྱུ་ཡིན་ཞེས་བཤད།
སྐབས་ཉེར་བརྒྱད་པའི་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་པེ་ཅིང་སློབ་ཆེན་གྱི་སློབ་མ་ལི་ཝུན་ཏུའོ་ཡིས་འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། རིམ་ཁག་སློབ་མའི་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་ལྷན་ཚོགས་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་བླང་བྱ་དེ་རྩ་བའི་ལས་ཀའི་གཞི་འཛིན་སར་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། འཚར་ལོངས་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སློབ་སྦྱོང་དང་རིག་གཞུང་ལ་ནུས་པ་སྦྱིན་པ། སྤྱི་ཚོགས་ནང་ཞུགས་པ་དང་རྒྱབ་སྐྱོར། སྤེལ་རེས་དང་། འགྲོ་འོང་། སྐུལ་འདེད་གཏོང་བ་སོགས་ཀྱི་ཁྱབ་ཁོངས་སུ་བྱས་རྗེས་ཧུར་ཐག་འཇོག་པ་དང་། རྒྱ་ཆེའི་སློབ་མར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་ཏེ་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
དུས་མཚམས་ཤིག་རིང་། ཨན་ཧུའེ་གསོ་རིག་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཐན་ཡུས་ཐུང་གིས་སློབ་གླིང་གི་ཚོགས་པ་དང་མཉམ་དུ་ཨན་ཧུའེ་ཞིང་ཆེན་གྱི་སྡེ་ཁུལ་དང་ཆུས་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བརྒྱ་ཙམ་དུ་བསྐྱོད་དེ་སྤྱི་པའི་འཕྲོད་བསྟེན་གྱི་སྨན་པ་བཀོད་སྒྲིག་གི་ད་ལྟའི་གནས་ཚུལ་དང་དགོས་མཁོར་ཤེས་རྟོགས་བྱས་པ་དང་། ཚན་རིག་ཁྱབ་གདལ་དང་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་སྦྱངས་པའི་ཤེས་བྱར་བརྟེན་ནས་གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་བ་རེད།
ཐན་ཡུས་ཐུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་གཞོན་ནུ་ཚོར་བླང་བྱ་བཏོན་གནང་བ་དང་རེ་བ་ཆེན་པོ་བཅོལ་ཡོད་པས་ངའི་འབད་འཐབ་ཀྱི་ཁ་ཕྱོགས་དེ་བས་ཁ་གསལ་དུ་ཕྱིན་སོང་། ལང་ཚོ་ནི་སྦྱོང་བརྡར་ལ་བརྟེན་ནས་བཀྲག་མདངས་འཚེར་བ་ཡིན། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་རྒྱུན་གཏན་གྱི་སློབ་སྦྱོང་དང་གསོག་འཇོག་ལ་སྣང་ཆེན་བྱ་རྒྱུ་ཡིན་ལ་སྨན་བཅོས་ཀྱི་འཐབ་ས་དང་པོར་འགན་འཁྲི་ཧུར་ཐག་འཁུར་བ་དང་བྱས་རྗེས་ཧུར་ཐག་བཞག་ནས་ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་3ཉིན་འབྱོར་བའི་གློག་འཕྲིན)
(བུ་ཆུང་དང་པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社