分享按钮

རང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་ཞབས་བྲོའི་བརྩམས་ཆོས《སྤྲོ་སྣང་ལྡན་པའི་དུང་དཀར》ཞེས་པ་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པའི་ཞབས་བྲོའི་འཁྲབ་སྟོན་སྐབས་བཅུ་གསུམ་པའི་ནང་ཚུད་པ།

(པར་ངོས་དང་པོར་མཐུད)ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགོ་ཁྲིད་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་ལོ་ཆུང་བྱིས་པའི་ཞབས་བྲོའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པའི་ངོས་ནས་མིག་སྔར་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ལོ་ཆུང་བྱིས་པའི་ཞབས་བྲོའི་གསར་རྩོམ་འགྲན་བསྡུར་འབའ་ཞིག་དེ་རེད། ཞའོ་ཧོའི་ཉམས་འགྱུར་ཞེས་པའི་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པའི་ཞབས་བྲོ་འཁྲབ་སྟོན་དེ་1998ལོར་སྐབས་དང་པོ་གཉེར་བ་ནས་བཟུང་རང་རྒྱལ་གྱི་ལོ་ཆུང་བྱིས་པའི་ཞབས་བྲོ་སྤེལ་རེས་དང་འགྲེམས་སྟོན་གྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་པ་དང་ལེ་ཚན་ཚང་མ་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་ཐོག་མའི་འདེམས་སྒྲུག་དང་བསྐྱར་འདེམས་ཀྱི་ལྷུ་ཚིགས་བརྒྱུད་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པའི་ཞབས་བྲོ་གསར་རྩོམ་དང་འཁྲབ་སྟོན་གྱི་ཆུ་ཚད་གཅིག་སྡུད་ཐོག་མངོན་ཡོད།

《སྤྲོ་སྣང་ལྡན་པའི་དུང་དཀར》ཞེས་པ་དེ་བོད་ལྗོངས་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པ་དང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་བཏོད་པ་ཞིག་ཡིན་ཞིང་། གཞིས་རྩེ་སྐྱིད་གྲོང་རྫོང་གི་རྒྱུད་དུ་དར་ཁྱབ་ཆེ་བའི་དུང་དཀར་འཁྲབ་ཆས་དང་མཐོང་ཚོར་གྱི་མཚོན་རྟགས་སུ་བྱས་ནས་བུ་ཕྲུག་ཉུང་ཤས་ཀྱིས་ཞབས་བྲོ་འཁྲབ་པའི་རྣམ་པའི་ཐོག་ནས་གསར་རྩོམ་བྱས་པ་དང་། སྒྲིག་བཟོ་བྱེད་རིང་མཚོན་རྟགས་གསར་པ་དང་གཞི་རྒྱུ་གསར་པ་མཉམ་འདྲེས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་ལོ་ཆུང་བྱིས་པར་སྲུང་སྐྱོང་དང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་དང་རྒྱུན་འཛིན་རྒྱུན་མཐུད་བྱེད་པ་མཚོན་ཡོད། 2007ལོར་དུང་དཀར་ཞེས་པ་བོད་རང་སྐྱོང་ལྗོངས་ཀྱི་ཁག་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-06 6 6 拉萨日报藏文 c204114.html 1 རང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་ཞབས་བྲོའི་བརྩམས་ཆོས《སྤྲོ་སྣང་ལྡན་པའི་དུང་དཀར》ཞེས་པ་རྒྱལ་ཡོངས་ཀྱི་ལོ་ཆུང་བྱིས་པའི་ཞབས་བྲོའི་འཁྲབ་སྟོན་སྐབས་བཅུ་གསུམ་པའི་ནང་ཚུད་པ། /enpproperty-->