分享按钮

(པར་ངོས་དང་པོར་མཐུད)མཚོ་སྨད་གྲོང་ཚོའི་ཡུལ་མི་བསྟན་འཛིན་བློ་བཟང་གིས། སྐར་གསོག་བརྗེ་ལེན་གྱི་སྒོ་རྩིས་ཚོང་ཁང་འདི་ཧ་ཅང་ཡག་པོ་འདུག ད་ཆ་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་དང་ཁྱིམ་མཚེས་དབར་གྱི་འབྲེལ་བའང་དེ་བས་ཡག་ཏུ་འགྲོ་བཞིན་འདུག་ཅེས་བཤད།

སྐར་གསོག་སྒོ་རྩིས་ཚོང་ཁང་སྒོ་ཕྱེ་བ་དེས་གྲོང་མི་ཚོ་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་སྤྲོ་སེམས་འཕེལ་ཡོད། དེ་དང་ཆབས་ཅིག་མཚོ་སྨད་གྲོང་ཚོས་ད་དུང“གྲོང་ཚོ་ཆུང་ངུའི་སྒྲིག་ལམ་ལ་བརྟེན་ནས་བཅོས་སྐྱོང་ཆེན་པོ་བྱེད་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་བཏང་ནས། ཡུལ་མིའི་བྱ་སྤྱོད་ཚད་ལྡན་དུ་བཏང་བ་རེད། ད་ཆ“སྐར་མ་གསོག་པ་དང་ཤེས་དཔལ་བསྡུར་བ”དེ་གྲོང་ཚོའི་ནང་གི་དར་སྲོལ་ཞིག་ཏུ་གྱུར་ནས། སྐར་གསོག་སྒོ་རྩིས་ཚོང་ཁང་ཆུང་ཆུང་དེས་གྲོང་གསེབ་དར་རྒྱས་ཀྱི་ནུས་པ་ཆེན་པོ་གཅིག་ཏུ་སྒྲིལ་བཞིན་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-07-03 6 6 拉萨日报藏文 c204046.html 1 /enpproperty-->