(པར་ངོས་དང་པོར་མཐུད)སྲིད་ཇུས་ལ་ནན་པོར་གཞིགས་ནས་སློབ་གསོའི་ཐད་སྤྱོད་པའི་ས་ཆ་ཞིབ་བཤེར་གཏན་འཁེལ་བྱེད་པ། རང་འགུལ་ངང་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་གྱི་བྱེད་ནུས་བཀོད་སྒྲིག་འབྲེལ་མཐུད་བྱེད་པ་བཅས་བྱས་ནས་ས་ཆ་གྲོན་ཆུང་དང་ནུས་ཆེའི་ངང་སྤྱོད་དགོས། ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་། གཞོགས་འདེགས་ཧུར་ཐག་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་མཆན་འགོད་པའི་དོན་དག་སྣ་ཚོགས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ས་ཆ་བདེ་བླག་ངང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། རྗེས་སྙེག་ལྟ་སྐུལ་དོ་དམ་བྱས་ཏེ་རྒྱལ་ཁབ་ཀྱི་གོང་གནས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་བསྡུར་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་དོ་དམ་བྱེད་པ་དང་། “དུས་འཁོར་ཧྲིལ་པོར་ལྟ་སྐུལ་དོ་དམ”བྱས་ནས་ས་ཆའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་ནུས་ཆེའི་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་། གནམ་མཚོའི་མཛེས་ལྗོངས་ཁུལ་གཏོད་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། རིག་གནས་དང་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་དང་།རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཕར་གཞི་ཆེ་རུ་བཏང་སྟེ་ལྷ་ས་འདི་ཉིད་རྒྱལ་སྤྱིའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་དུ་དངོས་སུ་གཏོད་དགོས་པའི་ནན་གསུངས་གནང་ཡོད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སེམས་ཐག་གཙང་བཅད་དང་འགན་འཁྲི་ཁུར་ཏེ་གྲོང་ཁྱེར་དེང་རབས་ཅན་ལ་བརྟེན་ནས་བཀོད་སྒྲིག་བྱེད་པ་དང་མ་ལག་ལྡན་པའི་སྒོ་ནས་གྲོང་ཁྱེར་གྱི་ཆུ་མཁོ་འདོན་མ་ལག་བསྐྲུན་ཏེ་གྲོང་ཁྱེར་གྱི་ཆུ་དྲ་དེ་བས་ཁ་གསལ་དང་དོ་དམ་དེ་བས་ནུས་ཆེ་ཡོང་བར་བྱས་ནས་ལྷ་ས་འདི་ཉིད་ས་མཐོའི་འཚོ་སྡོད་ལ་འཚམ་པའི་གྲོང་གསར་ཞིག་ཏུ་འགྱུར་བ་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་ཡོད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社