分享按钮

(པར་ངོས་དང་པོར་མཐུད)ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་སོགས་ཀྱི་རྒྱུགས་ཚུགས་སུ་ཕེབས་ནས་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ནན་དུ་གཏོང་བ་དང་ཞབས་ཞུའི་འགན་ལེན་ཞིབ་ཚགས་བྱས་ཏེ་མཐོ་རྒྱུགས་བདེ་བླག་ངང་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། རྒྱུགས་རར་ཕེབས་རིམ་བཞིན་ཝང་མིང་ཀྲེ་ཡིས་རྒྱུགས་ར་ཁག་གི་བཀོད་སྒྲིག་གནས་ཚུལ་དང་དེ་བཞིན་ཚད་ལྡན་ཅན་གྱི་རྒྱུགས་ཚུགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་གནང་བ་དང་། རྒྱུགས་རའི་བཀོད་སྒྲིག་དང་། དུས་ཚོད། དབྱིན་སྐད་ཀྱི་ཐོས་ཚོར་མ་ལག་སོགས་ཡིག་རྒྱུགས་སྒྲིག་བཀོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་གནང་ཡོད། ལྟ་སྐུལ་ཚོད་འཛིན་ལྟེ་གནས་སུ་ཝང་མིང་ཀྲེ་ཡིས་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་གི་འཁོར་སྐྱོད་གནས་ཚུལ་ལ་མཁྱེན་རྟོགས་གནང་རྗེས་ལྟ་ཞིབ་པ་ནི་ཡིག་རྒྱུགས་སྒྲིག་ཁྲིམས་སྲུང་སྐྱོང་བྱེད་པའི་འགག་རྩའི་སྟོབས་ཤུགས་ཤིག་ཡིན་པས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་དོགས་ཟོན་བྱས་ནས་ཡིག་རྒྱུགས་ཀྱི་གཞུང་དྲང་རང་བཞིན་ལ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཞིབ་བཤེར་གནང་རིང་ཝང་མིང་ཀྲེ་ཡིས་ད་དུང་རྒྱུགས་ཚུགས་ཁག་ལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་དོན་འཁྱོལ་བྱས་ཚུལ་དང་། མཐའ་འཁོར་གྱི་འཛེར་སྒྲ་དང་ཁོར་ཡུག་བཅོས་སྒྲིག་བྱ་ཐབས་དོན་འཁྱོལ་བྱས་ཚུལ། རྒྱུགས་ཚུགས་དང་དེ་བཞིན་མཐའ་འཁོར་གྱི་བདེ་འཇགས་དང་། འགྲིམ་འགྲུལ། མེ་ཟོན་བདེ་འཇགས་བཅས་ཀྱི་ལས་དོན་དོན་འཁྱོལ་བྱས་ཚུལ་བཅས་ལ་མཁྱེན་རྟོགས་གནང་བ་དང་རྒྱུགས་ཚུགས་ཁག་གི་ནང་ཁུལ་གྱི་གློག་ཤུགས་འགན་ལེན་བྱས་ཚུལ་ཐད་ཞིབ་བཤེར་གཙོ་བོ་བྱས་ནས་ཡིག་རྒྱུགས་གཏོང་རིང་གློག་མཁོ་འདོན་རྒྱུན་གཏན་ཡོང་བའི་འགན་ལེན་བྱས་པ་རེད། རྒྱུགས་ཚུགས་ཁག་གིས་ཡིག་རྒྱུགས་བརྒྱུད་རིམ་དང་འཕྲལ་སྡོམ་སྔོན་ཇུས་ཞིབ་ཕྲ་བཟོས་པ་མཁྱེན་རྗེས་ཝང་མིང་ཀྲེ་ཡིས་རྒྱུགས་སྤྲོད་ས་ཚིགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། ལས་དོན་པ་ཡོངས་ཀྱིས་མུ་མཐུད་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་འཁྱོངས་བྱས་ཏེ།མཐོ་རྒྱུགས་ཀྱི་ལས་དོན་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-06-07 6 6 拉萨日报藏文 c201998.html 1 /enpproperty-->