分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཚོཊ་འདུ་ཐེངས་སོ་དྲུག་པ་འཚོགས་པ།

(པར་ངོས་དང་པོར་མཐུད)

ཧོ་ཕུང་གིས་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་60འཁོར་བ་དང་གྲོང་ཨུད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུར་དོན་སྙིང་གཏིང་ཟབ་ལྡན་ཡོད། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ནང་མི་དམངས་འཐུས་ཚོགས་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ལྷ་སའི་མི་དམངས་འཐུས་ཚོགས་ཀྱི་ལོ་60ཡི་འཕེལ་རྒྱས་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བར་མ་ཟད། མི་དམངས་འཐུས་ཚོགས་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་ནས་དུས་རབས་གསར་པའི་ལྷ་སའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད་ཅེས་གསུངས་གནང་བ་རེད།

ཧོ་ཕུང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་བཅས་ཀྱིས་མི་དམངས་འཐུས་ཚོགས་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་60འཁོར་བ་དང་གྲོང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུའི་ཐོག་བཏོན་པའི་ཁྱད་ཆོས་གསུམ་དང་ཉམས་མྱོང་གསུམ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། བླང་བྱ་གསུམ་ལག་བསྟར་ཏན་ཏིག་བྱེད་པ། ལས་ཀའི་དོན་དངོས་ལ་གཞི་ཚུགས་པ་དང་དོན་འཁྱོལ་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་གྲོང་ཨུད་ཀྱི་བཀོད་སྒྲིག་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ།སློབ་སྦྱོང་གི་གྲུབ་འབྲས་དེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དོན་ཆེན་བཞིར་དམིགས་པ འཛུགས་གཏོད་བཞི་ལ་ཤུགས་སྣོན་རྒྱག་པ། རྩ་དོན་ལྔ་དང་། འཐབ་ཇུས་ཆེན་པོ་བཞི། བྱ་སྤྱོད་བརྒྱད་བཅས་ལ་དམ་པོར་དམིགས་པ། འགན་འཁྲི་ནན་དུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། མི་དམངས་འཐུས་ཚོགས་ཀྱིས་ཏང་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་འཐུས་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རང་གཤིས་ལ་མུ་མཐུད་ཞུན་བརྡར་བཅས་བྱས་ཏེ། དུས་རབས་གསར་པའི་ལྷ་སའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་། ཀྲེང་ཝུའེ་གོ། ཕེང་ཧྥེ་ཡུའེ། ཟླ་བ། ཚེ་རིང་སྒྲོལ་དཀར་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200920.html 1 གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཚོཊ་འདུ་ཐེངས་སོ་དྲུག་པ་འཚོགས་པ། /enpproperty-->