ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་14ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉེ་དུས་ཀྱི་ཡིག་ཆ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྷ་ས་གྲོང་ཁྱེར་གྱི་ལོ་ལྔ་ཚན་བཅོ་ལྔ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས་དང་། འོས་སྐུལ་འོས་དཔོད་ཁྱབ་ཁོངས་སྒྱུར་བཅོས། གྲོང་ཁྱེར་སྔོ་འགྱུར། རྒྱལ་སྤྱིའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་གྲོས་ཞིབ་གནང་བ་རེད།
ཚོགས་འདུའི་ཐོག་རིམ་ཁག་ཚན་ཁག་དང་ལྷག་པར་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社