分享按钮

2025ལོའི་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་ཉེར་ཡོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2025ལོའི་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཟླ་5ཚེས་17ནས་ཚེས་20ཉིན་བར་འཚོག་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པ་གཙོ་དོན་དུ་བྱས་པ་དང་དེའི་དམིགས་ཡུལ་ནི་རིག་གནས་དང་། ཡུལ་སྐོར། ཐོན་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ལྷ་སར་རྒྱལ་སྤྱིའི་ཡུལ་སྐོར་དམིགས་སའི་གྲོང་ཁྱེར་བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

ཟླ་5པ་ཤར་ཚུན། ལྷ་སར་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སླེབས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་ལོ་རྒྱུས་ཡུན་རིང་ལྡན་པའི་ཉི་འོད་གྲོང་ཁྱེར་དུ་འཛོམས་ཏེ་ས་མཐོའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་སོགས་ལ་མྱོང་རོལ་བྱེད་བཞིན་ཡོད། འདི་གར་འཛམ་གླིང་གི་ཤུལ་བཞག་རིག་གནས་ཕོ་བྲང་པོ་ཏ་ལ་ཡོད་པ་དང་།དེས་བོད་མི་དམངས་ཀྱི་སྟོབས་ཤུགས་དང་བློ་གྲོས་མཚོན་གྱི་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-17 6 6 拉萨日报藏文 c200915.html 1 2025ལོའི་གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་ཉེར་ཡོད་པ། /enpproperty-->