分享按钮

(པར་ངོས་དང་པོར་མཐུད)གྲངས་འཛིན་ཅན་དང་རིག་ལྡན་ཅན་གྱི་ལྟ་སྐུལ་དོ་དམ་དྲ་རྒྱ་བཙུགས་ནས་ནགས་ཚལ་དང་རྩྭ་ཐང་ལ་དོ་དམ་དང་སྲུང་སྐྱོང་བྱེད་པའི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད།

བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ནན་གསུངས་གནང་དོན། རང་ལྗོངས་ནི་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་རེད། རིམ་པ་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་གཏིང་ཟབ་དང་། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མཚོ་བོད་ས་མཐོའི་འབྱུང་ཁམས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་པ། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་བརྩི་དགོས་པ། སྔོ་འགྱུར་རྒྱ་སྐྱེད་དང་། སྔོ་འགྱུར་དར་སྤེལ། སྔོ་འགྱུར་ལ་སྲུང་སྐྱོང་བྱེད་པ་གསུམ་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ནགས་ཚལ་གྱི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས“མཛོད་བཞི”མཉམ་འགུལ་བྱས་ཏེ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས་པ་དང་། འཆར་འགོད་མཐའ་གཅིག་ཏུ་བྱེད་པ། དམངས་འཚོའི་ལས་གཞི་འདི་ཉིད་རྒྱུན་འཁྱོངས་ལྷོད་མེད་ངང་ལེགས་པར་བསྒྲུབ་དགོས་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྔོ་ལྗང་ཅན་དུ་བསྒྱུར་བ། ཡུལ་བབ་དང་བསྟུན་པ། རིགས་དབྱེ་ཇུས་བསྟར། ནགས་བཟོ་དང་འཚམ་སར་ནགས་བཟོ་བྱེད་པ། ཞིང་ཆུ་དང་འཚམ་སར་ཞིང་ཆུ་གཏོང་བ། རྩྭ་འདེབས་དང་འཚམ་སར་རྩྭ་འདེབས་པ་བཅས་མཐའ་འཁྱོངས་བྱས་ཏེ། རང་བྱུང་སླར་གསོ་བྱེད་པ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རང་བྱུང་སླར་གསོའི་ནུས་པ་འདོན་སྤེལ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་སྣང་ཆེན་བཅས་བྱས་ཏེ་རི་རྒོད་དང་ཐང་རྒོད་རིམ་བཞིན་སྔོ་ལྗང་ཅན་དུ་འགྱུར་བ་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་འཕེལ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རྩལ་གསོ་སྦྱོང་དང་དཔེ་སྟོན་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་དང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ། སྔོ་འགྱུར་གྱི་ལྕང་སོན་ལ་ཞིབ་ཚགས་ཅན་དང་གནད་སྨིན་ཅན་གྱི་སྒོ་ནས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་བཟོའི་ལྕང་སོན་གྱི་སྐྱེ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས“འདེབས་འཛུགས་བྱས་པ་སྐྱེ་ཐུབ་པ་དང་། དོ་དམ་ཡག་པོ་བྱེད་ཐུབ་པ། ཡུན་རིང་དུ་གནས་ཐུབ་པ”བཅས་བྱེད་དགོས། སྔོ་འགྱུར་དང་འབབ་འཕར་ལ་སྤྱི་འདོམས་བྱེད་པ་དང་། འབྱུང་ཁམས་དམངས་ཕན་དང་། འབྱུང་ཁམས་དམངས་བདེ། འབྱུང་ཁམས་དམངས་ཆེད་བཅས་མཐའ་འཁྱོངས་བྱས་ཏེ་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་ནུས་ལྡན་བྱས་ཏེ་ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ནགས་ཚལ་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་དང་། འབྱུང་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་འཁོར་རྒྱུག་བཟང་པོ་མངོན་འགྱུར་ཧུར་ཐག་བཅས་བྱས་ཏེ་མང་ཚོགས་ལ་སྔོ་འགྱུར་འཕེལ་རྒྱས་ཁྲོད་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས། མི་དམངས་ཀྱི་ཆེད་དུ་སྔོ་འགྱུར་དང་། སྔོ་འགྱུར་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ལ་དེ་བས་འཚམ་པ་དང་ལས་རིགས་ལ་དེ་བས་འཚམ་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གཏོད་རྒྱུ་ནས་འགོ་བཙུགས་ཏེ། སྔོ་འགྱུར་གྱི་སྤུས་ཚད་དང་སྔོ་འགྱུར་གྱི་རྣམ་པ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། “རི་རྒོད་སྔོ་ལྗང་ཅན་དུ་འགྱུར་བ”ནས“ཁོར་ཡུག་མཛེས་སུ་འགྲོ་བའི”བར་འགྱུར་ལྡོག་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཕྱོགས་གང་སར་སྔོ་ལྗང་མཐོང་རྒྱུ་ཡོད་པ་དང་། མཁའ་རླུང་གཙང་མ་ཡིན་པ། ཁོར་ཡུག་སྐྱིད་སྣང་དོད་པ་བཅས་མི་དམངས་ཀྱིས་བཅངས་པའི་རེ་སྒུག་དེ་དོན་དངོས་སུ་འགྱུར་བར་བྱེད་དགོས།

ཝང་ཅུན་ཀྲེང་གིས་ནན་གསུངས་གནང་དོན། ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ནི“མིག་སྔ་དང་ཕུགས་ལ་དམིགས་པ་དང་། བྱས་རྗེས་དེང་འདིར་བཞག་ནས་ཕན་འབྲས་བསྐལ་བརྒྱར་སྨིན་པའི”འཐབ་ཇུས་ལས་འགན་ཞིག་རེད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ“གྲུབ་འབྲས་རང་ལ་མི་དབང་བའི”བསམ་བློ་གཏོང་ཕྱོགས་དང“གྲུབ་འབྲས་འཇོག་པར་རང་ཉིད་ངེས་པར་ཡོད་དགོས་པའི”འགན་འཁྲི་འཁུར་སེམས་མུ་མཐུད་ནས་ཆེ་རུ་གཏོང་དགོས། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཡོངས་ཀྱི་འཆར་འགོད་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཕན་འབྲས་ཆེ་རུ་གཏོང་བ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭ་ཅན་གྱི་སྐུལ་འདེད་བཅས་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལས་གྲྭའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། ནགས་བཟོའི་དུས་ཡུན་ཡག་ཤོས་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ནས་གཏན་འཁེལ་བྱས་པའི་སྔོ་འགྱུར་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། ལས་ཀའི་སྤྱོད་ཚུལ་ལ་སྔར་བས་འགྱུར་ལྡོག་གཏོང་བ།“ལྕང་སོན་གྱི་འགག་སྒོ་དང་། འདེབས་འཛུགས་ཀྱི་འགག་སྒོ། དོ་དམ་དང་སྲུང་སྐྱོང་གི་འགག་སྒོ”བཅས་ནན་པོར་སྲུང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་བཅས་བྱས་ཏེ་ལྕང་སོན་རྐང་གཅིག་འདེབས་འཛུགས་བྱས་ན་དེ་ཉིད་སྐྱེ་ཐུབ་པ་དང་། ཕྱོགས་གཅིག་ལ་འདེབས་འཛུགས་བྱས་ན་ཡུལ་ཁོངས་དེ་སྔོ་ལྗང་ཅན་དུ་འགྱུར་བར་འགན་ལེན་བྱེད་དགོས། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་པ་སྟེ། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དྲིལ་བསྒྲགས་ཤུགས་ཆེན་དང་། དཔེ་མཚོན་ལ་སྣེ་ཁྲིད་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་སྣེ་ཁྲིད་དེ་ལྷག་བསམ་རྣམ་དག་ངང་ལྕང་སོན་འདེབས་འཛུགས། སྔོ་ལྗང་ལ་སྲུང་སྐྱོང་ཞིབ་ཚགས་བཅས་བྱས་ཏེ། སྔོ་ལྗང་ལ་དགའ་ཞེན་དང་། སྔོ་ལྗང་འདེབས་པ། སྔོ་ལྗང་དར་སྤེལ། སྔོ་ལྗང་ལ་སྲུང་སྐྱོང་བཅས་བྱ་རྒྱུ་དེ་གངས་ལྗོངས་ས་མཐོར་དར་སྲོལ་ཞིག་ཏུ་ཆགས་པར་བྱེད་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-12 6 6 拉萨日报藏文 c200833.html 1 /enpproperty-->