འབྱུང་འཕྲོད་རྩལ་ནུས་ཀྱིས་འབྱུང་འཕྲོད་དཔལ་འབྱོར་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རམ་འདེགས་བྱས་པ།
2021ལོ་ནས་བཟུང་། ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་དོན་གཅོད་ཁྲུའུ་དང་སློབ་གསོ་པུའུ་ཡིས་མཉམ་ལས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་ལྟེ་བའི་འཇོན་ཐང་ཆེ་རུ་གཏོང་བའི་རྣམ་གྲངས་བརྒྱུད་ནས་འབྱུང་འཕྲོད་རྩལ་ནུས་དེ་ལས་རིགས་སློབ་གསོའི་ནང་ཁྱབ་པར་བྱས་ནས་ལས་རིགས་སློབ་གླིང་དང་སློབ་གྲྭས་འབྱུང་འཕྲོད་དཔལ་འབྱོར་ལ་མཁོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རམ་འདེགས་བྱས་པ་རེད། འབྱུང་འཕྲོད་རྩལ་ནུས་ནི་འཚོ་བ་དང་། འཕེལ་རྒྱས། རྒྱབ་སྐྱོར་བཅས་རྒྱུན་མཐུད་དང་ཐོན་ཁུངས་གྲོན་ཆུང་རྣམ་པའི་སྒོ་ནས་སྤྱི་ཚོགས་ལ་མཁོ་བའི་ཤེས་བྱ་དང་། འཇོན་ཐང་། རིན་ཐང་གི་ལྟ་བ། རྣམ་འགྱུར་བཅས་ལ་ཟེར་ཞིང་། འབྱུང་འཕྲོད་ལས་ཀའི་རྩལ་ནུས་དང་འབྱུང་འཕྲོད་ཀྱི་ལྟེ་བའི་འཇོན་ཐང་ཕྱོགས་གཉིས་སུ་དབྱེ་ཡོད། 2024ལོའི་ལོ་མཇུག་བར། འབྱུང་འཕྲོད་རྩལ་ནུས་སློབ་ཁྲིད་དེ་ཀྲེ་ཅང་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་ཆེན་སོགས་སློབ་གླིང་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར་6གི་འབྲིང་རིམ་དང་མཐོ་རིམ་ལས་རིགས་སློབ་གྲྭ་13དུ་དོན་འཁྱོལ་བྱས་པ་དང་སློབ་མ་ཁྲི་2ལྷག་ཙམ་ལ་ཁྱབ་ཡོད། པར་འདི་ནི་ཟླ་5ཚེས་8ཉིན། སློབ་མ་ཀྲུའུ་ཁྲེན་ཤིས(དཀྱིལ)ཀྱིས་ཀྲེ་ཅང་ཅིན་ཧྭ་ལས་རིགས་ལག་རྩལ་སློབ་ཆེན་དུ་སློབ་གྲོགས་དང་མཉམ་དུ་འབྱུང་འཕྲོད་གློག་འབྲེལ་གཅོད་ཕྱེ་མའི་བྱུག་རྫས་བཟོ་བའི་ཚོད་ལྟ་བྱེད་བཞིན་པའི་རྣམ་པ་ཡིན། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)