分享按钮

(པར་ངོས་དང་པོར་མཐུད)སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ངས་ཀྲུང་གོ་དང་སུའེ་ཏེན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཐོག་བཅུ་དྲུག་པ་ཀུའུ་སི་ཐ་ཧྥུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་སྣེ་ཁྲིད་དེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། མི་སྣ་འགྲོ་འོང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་པ་དང་འཛམ་གླིང་ཞི་བདེ་དར་རྒྱས་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།

རྒྱལ་ཐོག་བཅུ་དྲུག་པ་ཀུའུ་སི་ཐ་ཧྥུ་ཡིས་སུའེ་ཏེན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་སྐབས་འདིར་ངས་སུའེ་ཏེན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་ཟབ་ཏུ་འགྲོ་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་དང་། སུའེ་ཏེན་དང་ཀྲུང་གོའི་མཛའ་གྲོགས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-11 6 6 拉萨日报藏文 c200812.html 1 /enpproperty-->