分享按钮

ཝང་ཆང་གིས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

པར་འདི་ནི་ཝང་ཆང་གིས་སེ་ར་ལམ་གྱི་གྲོང་ཁྱེར་གྱི་ཆུ་རྒྱུད་ལས་གྲྭ་དང་འགྲོ་ལམ་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་སྤེལ་ཡུལ་དུ་རྣམ་གྲངས་ཀྱི་འཕེལ་རིམ་དང་ལས་གྲྭའི་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་5ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་ཀྱི་བྱ་ཐབས་ཐོག་ནས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ་རེད།

ཝང་ཆང་སྔ་རྗེས་སུ་སེ་ར་ལམ་དང་། འདམ་ར་ལམ། བོད་ལྗོངས་སློབ་ཆེན་ལམ་སོགས་གྲོང་ཁྱེར་གྱི་ཆུ་རྒྱུད་ལས་གྲྭ་དང་འགྲོ་ལམ་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ཀྱི་ཡུལ་དངོས་སུ་ཕེབས་ནས་རྣམ་གྲངས་ཀྱི་འཕེལ་རིམ་དང་ལས་གྲྭའི་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ལས་གྲྭར་སྐུལ་འདེད་གཏོང་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ཡང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་དང་། དམངས་འཚོའི་རེ་སྒུག་ལ་དམིགས་པ། འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཨར་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། གྲོང་ཁྱེར་གྱི་ནུས་པ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-05-07 6 6 拉萨日报藏文 c200665.html 1 ཝང་ཆང་གིས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ། /enpproperty-->