分享按钮

ཉེན་རྟོག་པ་དང་དངུལ་ཁང་མཉམ་འབྲེལ་བྱས་ཏེ་ཁ་བསླུས་མ་དངུལ་སྒོར་ཁྲི་508བཀག་པ་དང་ལྷ་ས་ཁ་བསླུས་འགོག་སྲུང་ལྟེ་གནས་ཀྱིས་མང་ཚོཊ་ཀྱི་རྒྱུ་ནོར་ལ་སྲུང་སྐྱོབ་བྱས་པ།

དེང་སྐབས་ཀྱི་གྲངས་འཛིན་ཅན་གྱི་དུས་རབས་སུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་སྣ་ཚོགས་རིམ་བཞིན་ཐོན་པ་དེས་མི་རྣམས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་འཕྲད་ཡོད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་སྲུང་ལྟེ་གནས་ཀྱིས་ཉེན་རྟོག་པ་དང་དངུལ་ཁང་གཉིས་མཉམ་འབྲེལ་གྱི་བྱ་ཐབས་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་བྱ་ཐབས་འདོན་སྤེལ་གང་ལེགས་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཁ་བསླུས་ཐེབས་གྲབས་ཡོད་པའི་མ་དངུལ་སྒོར་ཁྲི་508བཀག་འགོག་བྱས་ནས་ཁ་བསླུས་རྒྱག་མཁན་ལ་རྡུང་རྡེག་ནུས་ལྡན་བཏང་བར་མ་ཟད། མང་ཚོགས་ཀྱི་རྒྱུ་ནོར་ལ་ཡང་སྲུང་སྐྱོབ་ཏན་ཏིག་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་སྲུང་ལྟེ་གནས་སུ་གྲོང་མི་ལིའུ་ཆེ་གེ་མོས།“བློ་གཅིག་སེམས་གཅིག་གིས་མང་ཚོཊ་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས”ཞེས་བྲིས་ཡོད་པའི་དར་ཆ་ཞིག་ཉེན་རྟོག་པའི་ལག་ཏུ་སྤྲད་པར་མ་ཟད།ལག་བྲིས་བྱས་པའི་ཐུཊ་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་ཀྱང་དེ་དང་མཉམ་དུ་སྤྲད་དེ་ཉེན་རྟོག་པས་དུས་ཐོག་ཏུ་ཁོང་གི་ཁ་བསླུས་ཐེབས་གྲབས་ཡོད་པའི་མ་དངུལ་བཀག་འགོག་གནང་བར་ལྷག་བསམ་རྣམ་དག་གིས་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་ཟླ་4ཚེས་21ཉིན། ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་སྲུང་ལྟེ་གནས་ལ་ཁུངས་སྣེ་ཞིག་འབྱོར་བ་སྟེ།ཟླ་4ཚེས་22ཉིན།རང་གྲོང་གི་མང་ཚོགས་ཞིག་གིས་དངུལ་སྒོར་ཁྲི་508བླངས་ནས་དྲ་ཐོག་ཏུ་མ་རྩ་འཇོག་རྩིས་བྱས་པར་ཁ་བསླུས་ཐེབས་པའི་ཉེན་ཁ་ཡོད་པའི་དོགས་པ་བྱུང་ཞིང་། ཉེན་རྟོག་པས་འཕྲལ་མར་དབྱེ་ཞིབ་དང་བརྡར་ཤ་བཅད་པ་བརྒྱུད།ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལིའུ་ཆེ་གེ་མོ་ལ་དྲ་རྒྱའི་མ་འཇོག་རིཊ་ཀྱི་ཁ་བསླུས་ཀྱི་གནོད་འཚེ་ཕོག་བཞིན་ཡོད་པར་མ་ཟད།ཁོང་གི་དངུལ་ཁང་གི་བྱང་བུའི་ནང་སྒོར་ཁྲི་508ཡོད་པ་ཤེས་རྟོགས་བྱུང་བས་འཕྲལ་མར་མི་མངགས་ནས་མ་འཇོག་བྱེད་མི་རུང་བའི་ཁ་ཏ་སློབ་གསོ་བརྒྱབ་པ་རེད།

ལིའུ་ཆེ་གེ་མོས། 2025ལོའི་ཟླ་4ཚེས་16ཉིན། ཁོང་གིས་བརྙན་ཐུང་ལས་སྟེགས་ཞིག་བརྒྱུད་ནས་རྒྱུས་མངའ་མེད་པའི་ཁེ་ལས་ཞིག་གི་སྐད་འཕྲིན་དང་སྦྲེལ་མཐུད་བྱས་པར་མ་ཟད། རྒྱུས་མངའ་མེད་པའི་མི་དེའི་ཁྲིད་སྟོན་འོག་མ་འཇོག་དངུལ་གཉེར་གྱི་Appརྫུས་མ་ཞིག་དང་དུས་ཐོག་གླེང་མོལ་གྱི་Appཞིག་ཕབ་ལེན་བྱས་པ་རེད།འབྲེལ་ཡོད་མི་སྣས་མ་རྐང་འཛིན་ཤོག་གི་ཆ་འཕྲིན་ངོ་སྤྲོད་བྱས་ནས་ཁོང་གི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པར་བྱས་པ་དང་། དངུལ་ཁང་ནས་དངུལ་སྨར་བླངས་ནས་འཛིན་ལོར་ཀུང་སིའི་ལས་བཟོ་བར་སྤྲོད་པའི་རྣམ་པའི་ཐོག་ནས་མ་རྐང་འཛིན་ཤོག་ཉོ་རྒྱུའི་རེ་བ་བཏོན་པ་རེད།ལིའུ་ཆེ་གེ་མོས་2025ལོའི་ཟླ་4ཚེས་18དང་19ཉིན། རང་ཉིད་ཀྱི་དངུལ་བྱང་ནས་མི་དམངས་ཤོག་སྒོར་ཁྲི་508ཚུར་བླངས་ཏེ།ཟླ་4ཚེས་22ཉིན་འཛིན་ལོར་ཀུང་སིའི་ལས་བཟོ་བར(དོན་དངོས་ཐོག་གློག་འཕྲིན་ཁ་བསླུས་རྒྱག་མཁན་ཡིན་པ)སྤྲོད་རྩིས་བྱས་པ་ཡིན་ཞེས་བཤད།

ཉེན་རྟོག་པས་རིགས་མཐུན་གྱི་ཁ་བསླུས་གྱོད་གཞིར་དབྱེ་ཞིབ་བྱས་པ་དང་། ངང་རྒྱུད་རིང་པོས་ཁ་ཏ་སློབ་གསོ་བྱས་པ་བརྒྱུད། ལིའུ་ཆེ་གེ་མོས་རང་ཉིད་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་པ་ངོས་འཛིན་བྱུང་བར་མ་ཟད། 《གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་གྱི་བརྡ་ཐོ》ལ་མིང་རྟགས་བཀོད་པ་རེད། མིག་སྔར། ལྷ་ས་གྲོང་ཁྱེར་ཁ་བསླུས་འགོག་སྲུང་ལྟེ་གནས་ཀྱིས་འཛིན་ལོར་ཀུང་སིའི་ལས་བཟོ་བ(གློག་འཕྲིན་ཁ་བསླུས་རྒྱག་མཁན)དེའི་ཐོབ་ཐང་ལ་ཞིབ་དཔྱད་དང་ཁུངས་སྣེ་དེད་ནས་སྔོག་འདོན་གཏིང་ཟབ་བྱས་པ་རེད། གྲོང་མི་ལིའུ་ཆེ་གེ་མོས།སླད་ཕྱིན་ངས་རང་ཉིད་ཀྱི་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མ་རྩ་འཇོག་པའི་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མ་འཇོག་རྣམ་གྲངས་ཀྱི་དོན་དངོས་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ་ཞིབ་དཔྱད་བྱ་རྒྱུ་ཡིན། ཁེ་བཟང་འབོར་ཆེན་སྤྲད་པའི་དྲིལ་བསྒྲགས་རྫུན་མ་དེ་དག་ལ་ཡིད་ཆེས་བྱེད་མི་སྲིད། དོགས་པ་ཡོད་པའི་གནས་ཚུལ་དང་འཕྲད་ན་དུས་ཐོག་ཏུ་ཉེན་རྟོག་ཕྱོགས་དང་འབྲེལ་ཡོད་ཚན་པར་བློ་འདྲི་བྱས་ཏེ། སླར་ཡང་ཁ་བསླུས་འོག་མི་ཚུད་པར་བྱས་ནས་རང་ཉིད་ཀྱི་རྒྱུ་ནོར་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

ཕྱིས་འབྱུང་གི་ལས་ཀའི་ཁྲོད།ལྷ་ས་གྲོང་ཁྱེར་བསླུ་འགོག་ལྟེ་གནས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལས་དོན་ལ་མུ་མཐུད་ནས་རྡུང་རྡེག་དང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། བསླུ་འགོག་ཐད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་དང་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་ལས་ཀྱི་ནུས་པ་དང་། གསལ་རྟོགས་ནུས་པ། ཚད་མཐོའི་འགན་འཁྲི་ཁུར་སེམས་བཅས་ལ་བརྟེན་ནས་བསླུ་འགོག་གི་ཆེད་ལས་དཔུང་ཁག་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་རྒྱུ་ནོར་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་ཁ་བསླུ་འགོག་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཚུའེ་ཡུན་ཧྲེང་གིས།སླར་ཡང་རྒྱ་ཆེའི་གྲོང་མིར་དྲན་སྐུལ་ཞུ་རྒྱུར།Appཕབ་ལེན་བྱེད་སྐབས་གཞུང་ཕྱོགས་ཀྱི་ཉེར་སྤྱོད་ཚོང་ཁང་བདམས་ནས་ཕབ་ལེན་བྱེད་དགོས་པ་ལས་འབྱུང་ཁུངས་གསལ་པོ་མེད་པའི་མཉེན་ཆས་ཕབ་ལེན་བྱེད་མི་རུང་། ཁེ་བཟང་ཤིན་ཏུ་མང་བའི་མ་འཇོག་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་དགོས་པ་དང་། ཁེ་བཟང་ཁོ་ན་ལས་སྐྱིན་ཚབ་མི་འཇལ་བའི“ཉོ་ཚོང”ལ་ཡིད་ཆེས་གཏན་ནས་མི་བྱེད་པར་དྲ་རྒྱའི་མ་འཇོག་གི་ཁ་བསླུས་འོག་ཏུ་མི་ཚུད་པར་བྱེད་དགོས། རྒྱུས་མངའ་མེད་པའི་དངུལ་བྱང་ཐོག་དངུལ་བསྐུར་མི་རུང་།ལས་སྟེགས་ལ་མ་དངུལ་གཏོང་སྐབས་ཕྱོགས་མང་པོའི་ཐད་ནས་ཁྲིམས་མཐུན་དང་ཚད་ལྡན་ཡིན་མིན་ལ་ར་སྤྲོད་བྱེད་དགོས། གལ་ཏེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་པའི་དོགས་པ་ཡོད་ཚེ། འཕྲལ་མར་110འམ་96110ལ་ཁ་པར་བརྒྱབ་ནས་སྤྱི་བདེ་ལས་ཁུངས་ལ་བློ་འདྲི་དང་རོགས་རམ་བྱ་རྒྱུའི་རེ་བ་འདོན་དགོས་ཞེས་བཤད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-26 6 6 拉萨日报藏文 c199985.html 1 ཉེན་རྟོག་པ་དང་དངུལ་ཁང་མཉམ་འབྲེལ་བྱས་ཏེ་ཁ་བསླུས་མ་དངུལ་སྒོར་ཁྲི་508བཀག་པ་དང་ལྷ་ས་ཁ་བསླུས་འགོག་སྲུང་ལྟེ་གནས་ཀྱིས་མང་ཚོཊ་ཀྱི་རྒྱུ་ནོར་ལ་སྲུང་སྐྱོབ་བྱས་པ། /enpproperty-->