分享按钮

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)བདག་སྐྱོང་དོ་དམ་ཐད་མིག་སྔར་གཙོ་བོ་མི་ཐབས་ཀྱིས་ཆུ་འདྲེན་གཙོ་བོ་བྱེད་པ་དང་གཏོར་ཆུས་ཁ་གསབ་བྱས་ནས་མུའུ་རེར་མི་1ནས་2བར་བཀོད་སྒྲིག་བྱས་ཡོད་པ་དང་། ཆུ་འདྲེན་གྱི་དུས་ཡུན་ཕལ་ཆེར་ཉིན་10ཡས་མས་ཡིན་པས། ཤིང་སོན་ཚང་མར་ཆུ་འདང་ངེས་འགན་ལེན་བྱེད་ཀྱི་ཡོད། དགུན་དུས་སུ་འགྱིག་ཤོག་གཡོག་པའི་རྣམ་པའི་ཐོག་ནས་ཆུ་སྲུང་འཛིན་དང་དྲོད་སྲུང་བྱས་ཏེ། ཕྱོགས་ཡོངས་ནས་ཤིང་སོན་གྱི་སྐྱེ་འཚར་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད། མིག་སྔར། གསབ་འཛུགས་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ཅིང་། ལས་དོན་པས་དཔྱིད་དུས་ཤིང་འཛུགས་ཀྱི་གོ་སྐབས་ཡག་ཤོས་དེར་དམ་འཛིན་བྱས་ཏེ། སྤུས་ལེགས་ཀྱི་ཤིང་སོན་བདམས་པ་དང་ཚད་གཞི་ནན་པོ་ལྟར་ཤིང་སོན་འཛུགས་བཞིན་ཡོད། སྔོན་དཔག་བྱས་ན། ཟླ་4པའི་ཟླ་མཇུག་ཏུ་ལས་དོན་དེ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ནས་ནགས་རི་དེའི་སྔོ་འགྱུར་འཕེལ་རིམ་ལ་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་འདི་རེད།

ལྷ་ས་ལྷོ་བྱང་རི་བོའི་2023ལོའི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་ཆུ་ཤུར་ཚར་པ་ནང་ཡུག་ཁུལ་གཉིས་པའི་རྣམ་གྲངས་ཀྱི་འགན་འཁུར་བ་ཧེང་ཝུའེ་ཡིས་གསར་འགོད་པར། རྣམ་གྲངས་ལག་བསྟར་བྱས་ཚུན། སྐྱེ་ཁམས་སྔོ་འགྱུར་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་མ་ཟད། ས་གནས་འདི་གའི་མང་ཚོགས་300ལྷག་ཙམ་གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་མཐའ་འཁོར་གྲོང་མིའི་ཡོང་འབབ་ཆེས་ཆེར་མཐོ་རུ་ཕྱིན་ཡོད་ཅེས་དང་། རྗེས་མཐུད་ཀྱི་འཆར་འགོད་སྐོར་གླེང་སྐབས། ཧེང་ཝུའེ་ཡིས་རྗེས་མཐུད་ཀྱི་ལས་དོན་ཐད་བཙུགས་ཟིན་པའི་ཤིང་སོན་ལ་བདག་སྐྱོང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གསོན་ཚད་ཅུང་དམའ་བའི་ས་ཁོངས་ལ་དམིགས་ནས་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། གནད་ལ་འཁེལ་བའི་གསབ་འཛུགས་ཀྱི་འཆར་གཞི་བཟོས་ནས་ཁྱོན་ཡོངས་ཀྱི་སྔོ་འགྱུར་ཕན་འབྲས་བརྟན་པོའི་ངང་མཐོ་རུ་གཏོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན། གཞན་ཡང་ད་དུང་དེ་བས་སྔོན་ཐོན་གྱི་ཆུ་འདྲེན་དང་ལྟ་ཞིབ་ཚད་ལེན་མ་ལག་ནང་འདྲེན་བྱས་ནས་རིག་ནུས་སྒྲིག་ཆས་ལ་བརྟེན་ནས་ས་གཤིས་དང་ཤིང་སོན་སྐྱེ་འཚར་གྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་ཐུབ་པར་བྱ་རྒྱུ་དང་། ཆུའི་ཐོན་ཁུངས་ནུས་ཆེའི་ངང་བེད་སྤྱོད་བྱས་ནས་ཤིང་སོན་གྱི་སྐྱེ་འཚར་ལ་དེ་བས་བརྟན་པའི་ཁོར་ཡུག་འགན་ལེན་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད།

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་བསྟུན་ནས་ཚར་པ་ནང་ཡུག་ཁུལ་གཉིས་པ་འདི་ཉིད་རིམ་བཞིན་རི་རྒོད་ནས་སྔོ་འགྱུར་གྱི་སྲུང་ཡོལ་དུ་གྱུར་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པར་མ་ཟད། རླུང་འགོག་བྱེ་བརྟན་གྱི་སྐྱེ་ཁམས་ཀྱི་ལྕགས་རི་རིང་པོ་ཡང་བསྐྲུན་ཡོད། དེ་དང་ཆབས་ཅིག་མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དམངས་འཚོའི་བདེ་རྩ་གཉིས་མཉམ་དར་དངོས་སུ་བྱུང་བས་སྐྱེ་ཁམས་ཀྱི་དམངས་ལ་ཕན་པའི་ལེའུ་གསར་པ་བརྩམས་ཡོད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-13 6 6 拉萨日报藏文 c202772.html 1 ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། /enpproperty-->