(པར་ངོས་དང་པོར་མཐུད)ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས་པ་སྟེ།བདེ་འཇགས་ཀྱི་འགན་འཁྲི་རིམ་པ་བཞིན་འགེལ་བ་དང་གཞི་རིམ་གྱི་དཔུང་ཁག་ནུས་པ་འདོན་སྤེལ་བྱེད་པ། གཞི་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།ལས་རིགས་སྡེ་ཚན་གྱིས་ཆེད་ལས་དང་གཅིག་ལྕོགས་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་གྱི་གདུབ་ཟུམ་ཆགས་པར་བྱེད་པ།ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།གླེང་ཕྱོགས་ཀྱི་ཁྲིད་སྟོན་ཇེ་ཆེར་གཏོང་དགོས་པ་སྟེ།མི་རྩ་བར་འཛིན་པ་དང་།ཚེ་སྲོག་གོང་དུ་བཀུར་བའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་དུས་ཐོག་ཏུ་དབང་གྲགས་ལྡན་པའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་།སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བཏབ་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཡག་པོ་བསྒྲུབ་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་སྟོན་བྱས་ཡོད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社