分享按钮

ཀྲུང་དབྱང་གི་ཉེ་འཁོར་ལས་དོན་ཚོགས་འདུ་ པེ་ཅིང་དུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ང་ཚོས་མཛའ་བཤེས་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས་བཅས་ཀྱི་ཉེ་འཁོར་ཕྱི་འབྲེལ་འདུ་ཤེས་བཏོན་པ་དང་། ཉེ་འཁོར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་པ། གཙོ་བདག་གི་ཕྱི་འབྲེལ་སྣེ་ཁྲིད་དུ་བྱེད་པ་བཅས་བྱས་ཏེ་ཉེ་འཁོར་རྒྱལ་ཁབ་དབར་ཕྱོགས་མཐའ་ཀུན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཞི་མཐུན་བརྟན་བརླིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་དངོས་སྒྲུབ་དང་ལས་ཕྱོད་ཆེ་བའི་ཉེ་འཁོར་ལས་དོན་གྱི་སྒྲོམ་གཞི་ཆགས་པར་བྱས་ནས་ཉེ་འཁོར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ལག་ལེན་གྱི་ཁྲོད་ནས་འཚོལ་ཞིབ་དང་གྲུབ་པའི་ཉམས་མྱོང་དག་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།

ཚོགས་འདུའི་ཐོག མིག་སྔར་རང་རྒྱལ་གྱི་ཉེ་འཁོར་གྱི་འབྲེལ་བ་དེ་ཉེ་རབས་ཚུན་གྱི་དུས་མཚམས་ཡག་ཤོས་སུ་སླེབས་པ་དང་དུས་མཚུངས་སུ། ཉེ་འཁོར་གྱི་གནས་སྟངས་དང་འཛམ་གླིང་གི་འཕོ་འགྱུར་ལ་མཉམ་འགུལ་ཤུགས་ཆེན་བྱེད་པའི་དུས་མཚམས་གལ་ཆེན་ཞིག་ཏུའང་སླེབས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་སྟངས་ཆེན་པོ་གཉིས་དང་གོང་འཕེལ་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་སྒྲེང་བ། ཞི་བདེ་དང་། བརྟན་ལྷིང་། དར་རྒྱས། མཛེས་སྡུག མཛའ་གྲོགས་བཅས་ཀྱི“ཁྱིམ་གཞིས་ཆེན་པོ་ལྔ”འཛུགས་སྐྱོང་བྱ་རྒྱུ་ཐུན་མོང་གི་མདུན་ལྗོངས་བཟང་པོར་བྱེད་པ། ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་ཡོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་བར་བདེ་འཇགས་ཡོང་བ། ཁྱིམ་མཚེས་རྒྱལ་ཁབ་བར་ཕྱུག་པོ་ཡོང་བ། མཛའ་བཤེས་དང་། ལྷག་བསམ། ཕན་འདོགས། ཁོང་ཡངས། ལས་དབང་གཅིག་མཐུན་བཅས་ཀྱི་འདུ་ཤེས་མཛད་ཕྱོགས་སུ་བྱེད་པ། ཞི་བདེ་དང་། མཉམ་ལས། སྒོ་དབྱེ། ཁོང་ཡངས་བཅས་ཀྱི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་རྩ་བའི་གཞི་འཛིན་སར་བྱེད་པ། སྤུས་ཚད་མཐོན་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དེ་སྟེགས་བུ་གཙོ་བོར་བྱེད་པ། བདེ་སྡུག་མཉམ་མྱོང་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གླེང་མོལ་གྲོས་བསྡུར་བཅས་བྱེད་པའི་ཨེ་ཤེ་ཡའི་ཞི་བདེའི་མ་དཔེ་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་བྱེད་པ་བཅས་བྱས་ཏེ་ཉེ་འཁོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག ཉེ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར། ཉེ་འཁོར་རྒྱལ་ཁབ་དབར་གྱི་འཐབ་ཇུས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། ས་ཁུལ་རྒྱལ་ཁབ་ཀྱིས་རང་ངོས་གོང་འཕེལ་གྱི་ལམ་བུར་བརྟན་པོར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ། འགལ་ཟླ་དང་མི་མཐུན་པའི་ཆར་སྟངས་འཛིན་གང་ལེགས་བྱེད་པ། གོང་སྤེལ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་མཉམ་འབྲེལ་མཉམ་མཐུད་ཀྱི་དྲ་རྒྱ་འཛུགས་པ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ས་ཁུལ་གྱི་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། བདེ་འཇགས་དང་ཁྲིམས་འཛིན་མཉམ་ལས་སྤེལ་བ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་པ། འགྲོ་འོང་དང་སྤེལ་རེས་རྒྱ་སྐྱེད་གཏོང་བ། མི་སྣ་འགྲོ་འོང་སྟབས་བདེ་རུ་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།

ཚོགས་འདུའི་ཐོག ཉེ་འཁོར་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་ན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཁག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས། ནུས་པ་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཉེ་འཁོར་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཝང་དབྱི་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་ཡོད།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-11 6 6 拉萨日报藏文 c199432.html 1 ཀྲུང་དབྱང་གི་ཉེ་འཁོར་ལས་དོན་ཚོགས་འདུ་ པེ་ཅིང་དུ་འཚོགས་པ། /enpproperty-->