分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ཏེ་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་དོན་དག་གཅིག་སྡུད་ཐོག་ཐག་གཅོད་བྱས་པ།

(པར་ངོས་དང་པོར་མཐུད)དེའི་རིང་། ཀྲའོ་ཧུའེ་ཉན་གྱིས་ངོ་བཅར་བྱེད་པར་ཡོང་བའི་མང་ཚོགས་དང་རེ་རེ་བཞིན་འབྲེལ་གཏུག་དང་སྤེལ་རེས་གཏིང་ཟབ་བྱས་ནས་མང་ཚོགས་ཀྱིས་ལས་གྲྭའི་གྲོན་དངུལ་དང་མ་དངུལ་གྱི་རྩོད་གཞི་སོགས་ཀྱི་ཐད་བཏོན་པའི་རེ་འདུན་གྱི་གནད་དོན་གྱི་འབྱུང་རྩ་དང་། འཕེལ་རིམ་གྱི་གནས་བབ། དཀའ་གནད་དང་འགག་གནད་བཅས་ཀྱི་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ཁོང་གིས་མངའ་ཁོངས་དང་འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་གནད་དོན་གྱི་གནད་འགག་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། བརྟག་དཔྱད་དང་ཞིབ་དཔྱད་གཏིང་ཟབ་བྱེད་པ། ཐག་གཅོད་ཀྱི་ཇུས་གཞི་ལེགས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ལུགས་མཐུན་རེ་འདུན་དུས་ཐོག་དང་། འོས་འཚམ། ནུས་ལྡན་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་གལ་ཆེན་ཞིག་ཡིན་ལ། ལས་བྱེད་པའི་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཀྱང་ཡིན། མང་ཚོགས་ཀྱི་ལམ་ཕྱོགས་ཐོག་ཡག་པོར་བསྐྱོད་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ནས་མང་ཚོགས་ཀྱི་བསམ་འཆར་ལ་ནན་ཏན་གྱིས་ཉན་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པར་ལན་ཧུར་ཐག་འདེབས་པ། ཁྲིམས་དང་སྒྲིག་སྲོལ་ལྟར་མང་ཚོགས་ཀྱི་རེ་འདུན་ཐག་གཅོད་བྱེད་དགོས། ལས་དོན་གྱི་འགན་འཁྲི་ནན་དུ་བཏང་སྟེ་ལས་ཀའི་འཆར་གཞི་བཟོ་བ་དང་། ལས་ཀའི་གོ་རིམ་འགོད་པ། ལས་ཀའི་དུས་བཀག་ཁ་གསལ་བཟོ་བ་བཅས་བྱས་ཏེ་ལྷུ་ཚིགས་རེ་རེ་བཞིན་སྐུལ་འདེད་གཏོང་བ་དང་། འགག་ས་རེ་རེ་བཞིན་ཐག་གཅོད་བྱས་ཏེ་སེམས་ཤུཊ་གཅིག་སྒྲིལ་གྱིས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་དེ་མང་ཚོགས་ཀྱི་བསམ་ཕྱོགས་དང་མཐུན་པར་བྱེད་དགོས། རྗེས་འདེད་དང་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡིག་བསྐུར་ངོ་བཅར་ལས་དོན་གྱི་དམིགས་སར་འབྱོར་བ་གསུམ་དང་ཐག་གཅོད་གཅིག་གི་སྤྱིའི་བླང་བྱ་གཞིར་བཟུང་ནས་མུ་མཐུད་རྗེས་འདེད་ལྟ་སྐུལ་བྱས་ཏེ་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-11 6 6 拉萨日报藏文 c199429.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ཏེ་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་དོན་དག་གཅིག་སྡུད་ཐོག་ཐག་གཅོད་བྱས་པ། /enpproperty-->