分享按钮

(པར་ངོས་དང་པོར་མཐུད)ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གནད་འཁེལ་ཅན་དང་། ཞིབ་ཚགས་ཅན། སྤུས་ལེགས་ཅན་བཅས་རྒྱུན་འཁྱོངས་བྱས་ཏེ། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་དང་།རང་ཉིད་དངོས་སུ་སྐྱོད་དགོས་པ། ཆུ་ཚོད་24རིང་ཨར་ལས་བྱེད་པ་སོགས་ཀྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་དགོས། ཚད་གཞི་དམའ་རུ་མི་གཏོང་བ་དང་ཤུགས་ཚད་ཆུང་དུ་མི་གཏོང་བར་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་དགོས།

ནུས་ཤུགས་ཡོད་རྒུས་དམངས་འཚོའི་ལས་གྲྭར་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། སེམས་ཤུགས་འདོན་པ་དང་བརྩེ་སེམས་བཅངས་ནས་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་ལས་གྲྭ་ཆེན་པོ་བཅུ་དང་ལྷ་ས་གྲོང་ཁྱེར་གྱི་དམངས་འཚོའི་དོན་དག་དངོས་20ལག་བསྟར་ཡག་པོ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་དེ་ལས་མང་བའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཡོང་བར་བྱེད་དགོས།

ནུས་ཤུགས་ཡོད་རྒུས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ནན་དུ་གཏོང་བ། སྐུལ་འདེད་ཤུགས་ཆེན་དང་སྒྲིག་ཁྲིམས་ནན་སྲུང་བཅས་བྱས་ཏེ་སྤུས་འབོར་འགན་ལེན་གྱིས་ལོ་ཧྲིལ་པོའི་སྔོ་འགྱུར་གྱི་ལས་འགན་ལེཊ་བསྒྲུབ་བྱེད་དགོས། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-11 6 6 拉萨日报藏文 c199422.html 1 /enpproperty-->