སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟླ་བ་གསུམ་པའི་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས“མཛེས་པའི་ཀྲུང་གོ་མཉམ་དུ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་མེས་རྒྱལ་གྱི་ས་གཞི་ཆེན་པོ་དེ་བས་སྔོ་ལྗང་རབ་ཏུ་རྒྱས་ཤིང་སྐྱེ་སྟོབས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས”ཞེས་ནན་གསུངས་གནང་ཡོད།
ཀྲུང་གོའི་ས་གཞི་ཆེན་མོར་དཔྱིད་དཔལ་རབ་ཏུ་བཞད་པའི་དུས་ནི་ཤིང་འཛུགས་པའི་དུས་ཚིགས་བཟང་ཤོས་ཡིན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་མང་བསྟུད་མར་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཏེ།བྱ་སྤྱོད་དངོས་ཀྱི་ཐོག་ནས་མིག་དཔེ་བཟང་པོ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་། ནགས་བཟོ་སྔོ་འགྱུར་ནང་ཧུར་ཐག་ཞུགས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། འབྱུང་ཁམས་རིག་གནས་དར་འཕེལ་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་བསྐྲུན་རྒྱུ་ཡིན་ཞེས་བཤད།
མཛེས་སྡུག་ལྡན་པའི་རི་ཀླུང་གིས་མི་དམངས་ལ་བདེ་སྐྱིད་སྐྲུན། “མིག་སྔར་རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆ་25ལྷག་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་སྔོ་འགྱུར་རྒྱ་ཁྱོན་ལ་ལེགས་སྐྱེས་བརྒྱ་ཆ་25ཙམ་ཕུལ་ཡོད”ཅེས་དང་།“ཐ་ཁེ་ལ་མ་ཀན་བྱེ་ཐང་དུ་ལྗང་མདོག་ཁྱམས་རིང་ཞིག་བསྐྲུན་པ་དང་། ཁོར་ཆིན་བྱེ་སར་རྩ་ཐང་གི་མཛེས་ལྗོངས་ཡང་བསྐྱར་མངོན་བཞིན་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་བྱུང་བ་ཞིག་མིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་སྔོ་འགྱུར་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད།
ནང་སོག་རང་སྐྱོང་ལྗོངས་པ་ཡན་ཀྲོའར་གྲོང་ཁྱེར་ལིན་ཧོ་ཆུས་རྒྱལ་གཉེར་ཤིན་ཧྭ་ནགས་རར་ལྗོན་ཤིང་གི་མྱུ་གུ་འབུས་མ་ཐག་ཡིན་པས།ལས་བཟོ་བ་ཚོས་དུས་ཚོད་དམ་འཛིན་བྱས་ནས་མྱུ་གུ་གསོ་བའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།ནགས་རའི་ལས་བཟོ་བ་རྒན་གྲས་ལི་ཧྥེང་ཆི་ཡིས།ལོ་60ལྷག་ཙམ་གོང་གི་ཤིན་ཧྭ་ནགས་ར་ནི་བྱེ་ཐང་དང་། གྲམ་ཐང་། བ་ཚྭ་ཅན་གྱི་གྲམ་པ་བཅས་ཡིན། ལོ་དེ་དག་ནང་རྒྱལ་ཁབ་ཀྱིས་སྔ་རྗེས་སུ“བྱང་གསུམ”ཤིང་ནགས་འགོག་སྲུང་གི་འདུ་འགོད་དང་།པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྒྲིག་སོགས་ནགས་བཟོའི་འདུ་འགོད་ལག་ལེན་བསྟར་བ་ལས་ས་ཆ་དེར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ།མི་རབས་ནས་མི་རབས་བར་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་ནས་ང་ཚོའི“ལྗང་མདོག་གི་ཁྱིམ་གཞིས”ཟམ་མི་ཆད་པར་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་ནི་གཙང་གསུམ་ཆུ་འགོར་གནས་པས་འབྱུང་ཁམས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། ཉིན་དེ་དག་ནང་ཡུལ་ཤུལ་གྲོང་ཁྱེར་གྱི་གྲོང་ཁྱེར་སྤྱི་གླིང་དང་དེ་བཞིན་ལྷོ་བྱང་རི་བོ་གཉིས་སུ་ནགས་སྲུང་བ་ཚོས་ཤིང་འཛུགས་དུས་ཚིགས་ལ་གྲ་སྒྲིག་བྱེད་བཞིན་ཡོད། ཡུལ་ཤུལ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཉིང་དབྱང་གིས།སྔོ་འགྱུར་གྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆུ་རྩ་གསོ་ཁུལ་གྱི་ནུས་པ་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཉེ་བའི་ལོ་ཤས་རིང་གཙང་གསུམ་ཆུ་འགོའི་ཆུ་དང་འདམ་རའི་འབྱུང་ཁམས་མ་ལག་གི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社