分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས།

གནད་སྨིན་ཅན་དང་། ཞིབ་ཚགས་ཅན། མཛེས་སྡུག་ཅན་བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་དགོས་པའི་ནན་གསུངས་གནང་བ།

ཉེ་ཆར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་།པར་འདི་ནི་ཤའོ་ཡིའུ་ཚའེ་ཡིས་འདམ་ར་ནུབ་ལམ་གྱི་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ཀྱི་འཕེལ་རིམ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ཀྱི་འཐབ་ས་དང་པོར་ཕེབས་ཏེ་ས་ཡུལ་དངོས་སུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་།ཁོང་གིས།གནད་སྨིན་ཅན་དང་། ཞིབ་ཚགས་ཅན། མཛེས་སྡུག་ཅན་བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་སེམས་ནུས་ཡོད་རྒུས་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་དགོས་པ་དང་ཕྱོགས་ཡོངས་ནས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ལི་ཅང་ཤིན། ཞུས་ཧའེ། ཀྲང་ཁྲུན་དབྱང་། བཀྲ་ཤིས་དཔལ་སྒྲོན། བློ་གསལ། ཀའོ་ཅུན། ལིའུ་ལེང་བཅས་ཞུགས་པ་རེད།

ཤའོ་ཡིའུ་ཚའེ་སྔ་རྗེས་སུ་བར་སྐོར་ཁྲོམ་གཞུང་དང་། ཀླུ་སྡིངས་དཀྱིལ་ལམ། འདམ་ར་ནུབ་ལམ་བཅས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་སྤེལ་ཡུལ་དུ་དངོས་སུ་ཕེབས་ནས་ཨར་ལས་ཀྱི་འཕེལ་རིམ་དང་ཨར་ལས་སྒྲིག་འཛུགས་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས།གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ནི་གྲོང་ཁྱེར་གྱི་ནུས་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-06 ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། 6 6 拉萨日报藏文 c199345.html 1 གནད་སྨིན་ཅན་དང་། ཞིབ་ཚགས་ཅན། མཛེས་སྡུག་ཅན་བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་དགོས་པའི་ནན་གསུངས་གནང་བ། /enpproperty-->