分享按钮

རང་གྲོང་གིས་ཀྲུང་དབྱང་གི་ཐོན་སྐྱེད་བདེ་འཇགས་དཔྱད་ཞིབ་སྐོར་ཞིབ་ཀྱི་དུས་ཚིགས་དང་པོའི་ཐོན་སྐྱེད་བདེ་འཇགས་ཀྱི་མངོན་བཤེར་ལྐོག་ཞིབ་བསུ་བའི་བཀོད་གཏོང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་25ཉིན། རང་གྲོང་གིས་ཀྲུང་དབྱང་གི་ཐོན་སྐྱེད་བདེ་འཇགས་དཔྱད་ཞིབ་སྐོར་ཞིབ་ཀྱི་དུས་ཚིགས་དང་པོའི་ཐོན་སྐྱེད་བདེ་འཇགས་ཀྱི་མངོན་བཤེར་ལྐོག་ཞིབ་བསུ་བའི་བཀོད་གཏོང་ཚོགས་འདུ་འཚོགས་ནས་སླར་ཡང་ཞིབ་བཤེར་བསུ་བའི་ལས་དོན་ཁག་བཀོད་སྒྲིག་དང་ཞིབ་བཤེར་བསུ་བའི་ལས་དོན་གྲ་སྒྲིག་གང་ལེགས་བྱས་ནས་ཞིབ་བཤེར་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་དང་ཞིབ་བཤེར་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་དངོས་འབྲེལ་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ།གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་དང་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། མངོན་བཤེར་ལྐོག་ཞིབ་ཀྱི་ཁ་ཕྱོགས་དང་གཙོ་གནད་ནང་དོན་བརྡ་ཁྱབ་བཏང་བར་མ་ཟད། མི་སྣ་འདུ་འཛོམས་ཆེ་སར་མེ་སྤྱོད་པ་དང་ཨར་སྐྲུན་གྱི་དྲོད་སྲུང་རྒྱུ་ཆའི་བདེ་འཇགས་ཀྱི་འབྲེལ་ཐག་ཧྲིལ་པོའི་བཅོས་སྒྲིག་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་།འབྲེལ་ཡོད་རྫོང(ཆུས)དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བས་གཏམ་བཤད་སྤེལ་བ་རེད།

དགྲ་འདུལ་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། ཀྲུང་དབྱང་གི་ཐོན་སྐྱེད་བདེ་འཇགས་མངོན་བཤེར་ལྐོག་ཞིབ་ཀྱི་གལ་ཆེའི་རང་བཞིན་ལ་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། བསམ་བློ་དེ་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ། གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་། འགག་རྩའི་ལྷུ་ཚིགས་ལ་དམིཊ། གནད་སྨིན་ཤུགས་འདོན།བྱ་ཐབས་སྣ་མང་མཉམ་སྤྱོད། ཕྱོགས་བསྡུས་ཀྱི་བྱ་ཐབས་སྤྱོད་པ་བཅས་བྱས་ཏེ། གཙོ་གནད་ཁོང་དུ་ཡང་དག་ཆུད་པ་དང་། ཆད་བཤེར་ཆད་གསབ་ནན་ཏན་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་བ། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ནུས་ཤུགས་ཡོད་རྒུས་རྩ་བཅོས་འགག་སྒྲོལ་བྱེད་པ། ཆེད་དོན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ལས་རིགས་ཀྱི་སྦྲེལ་ཐག་ཧྲིལ་པོ་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཞབས་འདེགས་ཞུ་བ། སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས་པར་མ་ཟད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ཕན་འབྲས་ལ་འགན་ལེན་བྱེད་པ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། སྤྱོད་ཚུལ་མུ་མཐུད་ནས་ལེགས་སུ་གཏོང་བ། ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ། དག་ཐེར་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-27 6 6 拉萨日报藏文 c198638.html 1 རང་གྲོང་གིས་ཀྲུང་དབྱང་གི་ཐོན་སྐྱེད་བདེ་འཇགས་དཔྱད་ཞིབ་སྐོར་ཞིབ་ཀྱི་དུས་ཚིགས་དང་པོའི་ཐོན་སྐྱེད་བདེ་འཇགས་ཀྱི་མངོན་བཤེར་ལྐོག་ཞིབ་བསུ་བའི་བཀོད་གཏོང་ཚོགས་འདུ་འཚོགས་པ། /enpproperty-->