分享按钮

འདམ་གཞུང་རྫོང་གིས་གཙོ་གནད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་འདམ་གཞུང་རྫོང་གིས་ཟླ་གསུམ་པའི་གཙོ་གནད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་འདམ་གཞུང་རྫོང་འགན་ལེན་གྱི་ས་ཁུལ་རིམ་པའི་འགོ་ཁྲིད་ཟླ་བས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཟླ་3པ་ནས་བཟུང་འགན་ལེན་ཚན་པ་ཁག་གི་རྩ་འཛུགས་ཀྱི་འགན་ལེན་གནད་ལ་འཁེལ་བ་དང་། བསམ་བློའི་ངོས་འཛིན་གནད་ལ་འཁེལ་བ། བྱ་ཐབས་དོན་འཁྱོལ་གནད་ལ་འཁེལ་བ་བཅས་བྱུང་ནས་འཕྲལ་མར་ཤང(གྲོང་རྡལ)དུ་བཅའ་སྡོད་བྱས་ཏེ་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཟླ་བས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འགན་ལེན་ལས་དོན་གྱི་མཉམ་ཤུཊ་མུ་མཐུད་ནས་གཅིག་ཏུ་བསྒྲིལ་ཏེ་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཤེས་རྟོགས་དང་ལན་བསློགས་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་འབྲེལ་སྲིད་ཇུས་དྲིལ་བསྒྲཊ་ཡག་པོ་བྱེད་དགོས།རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོཊ་པོ་གཏོང་བ་དང་། ལས་འགོ་བསྐྱར་འཛུཊ་དང་ཐོན་སྐྱེད་སླར་གསོར་འགན་ལེན་ཡག་པོ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནན་ཏན་ངང་བཀོད་ནས་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་སེལ་བ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་མུ་མཐུད་ནས་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་ནུས་ཤུཊ་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་འགན་ལེན་ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་གྲོང་ཨུད་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་གསུངས་གནང་བ་རེད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198329.html 1 འདམ་གཞུང་རྫོང་གིས་གཙོ་གནད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ། /enpproperty-->