分享按钮

ཆེད་སྒྲིག་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་འཆད་ཁྲིད》བསྟན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་སྒྲིག་བཟོ་བྱས་པའི་ལེའུ་བཅུ་བཞི་ཡོད་པའི་ཆེད་སྒྲིག་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་འཆད་ཁྲིད》ཅེས་པ་ཟླ་3ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་19དང་སྐར་མ་45ཡི་ཐོག་སྤྱི་ཁྱབ་ལས་ཁུངས་ཀྱི་ནོར་དཔལ་འཕྲིན་ལམ་ཐོག་བསྟན་ཡོད། འདི་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་གོ་རིམ་ལྡན་པའི་ངང་འཆད་འགྲེལ་བྱེད་པའི་བརྙན་འཕྲིན་ཆེད་སྒྲིག་ལེ་ཚན་ཐོག་མ་དེ་རེད།

ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པའི་གཙོ་གནད་ཆེད་སྒྲིག་ལེ་ཚན་ཞིག་ཡིན་པའི་ངོས་ནས། ལེ་ཚན་དེའི་ནང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་གོང་འཕེལ་གཏོང་བ་སོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཅིག་བསྡུས་བྱས་ཏེ། དེའི་ཁྲོད་གནས་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། ཆབ་སྲིད་ཀྱི་སྟོན་ཕྱོགས་ཁ་གསལ། འཐབ་ཇུས་བསམ་བློ་གཏིང་ཟབ། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ། མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ། ཚན་རིག་དང་མཐུན་པའི་དགོངས་པ་དང་བྱ་ཐབས་བཅས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་དུས་རབས་གསར་པའི་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ལ་སྣེ་ཁྲིད་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་གོ་རིམ་ལྡན་པའི་གསེད་དཀྲོལ་བྱས་ཡོད་ཅིང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དུས་རབས་ཀྱི་ཁྱད་ཆོས་དང་རིགས་པའི་གཞུང་ལུགས་ཀྱི་རིན་ཐང་། ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་བཅས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད།

འཁྲབ་གཏོང་ཁང་གི་ལེ་ཚན་རྣམ་པ་གསར་དུ་བཏོད་ཡོད་དེ། རང་རྒྱལ་གྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་འཆད་ཁྲིད་གནང་མཁན་སྐུ་མགྲོན་ལ་ཆེད་མངགས་གདན་འདྲེན་ཞུས་ཡོད་པ་དང་། དུས་རབས་ཀྱི་དྲི་བ་དང་། རིག་ལམ་ཁྲིད་སྦྱོང་། དགོངས་པའི་སྟོབས་ཤུགས་རླབས་པོ་ཆེ། ཐོས་བསམ་སྒོམ་གསུམ་བཅས་ནང་དོན་ཁག་བཞིར་དབྱེ་ཡོད་ཅིང་། གཞི་རིམ་གྱི་ལག་ལེན་མཚོན་དཔེ་100ལྷག་དང་མཚོན་དཔེའི་ལྟ་ཞིབ་པ་40ལྷག་གི་འཆད་འགྲེལ་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ལྟེ་བའི་དོན་སྙིང་དང་ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་གསོན་ཉམས་དོད་པོས་རྒྱས་འགྲེལ་བྱས་ཡོད་པས། སྤྱི་ཚོགས་ཡོངས་ཀྱིས་སྔར་བས་རང་འགུལ་ངང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་བརྟེན་ནས་གནད་དོན་ཐག་གཅོད་དང་ལས་དོན་སྤེལ་རྒྱུ་དང་། སྦྱངས་པ་དང་རྟོགས་པ་ཚང་མ་ཏན་ཏིག་ངང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་དང་གསོན་ཉམས་ལྡན་པའི་ལག་ལེན་ལ་འགྱུར་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ལེ་ཚན་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་འཕྲིན་ལམ། ཀྲུང་དབྱང་གི་བརྙན་མཐོང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་དཔལ་འཕྲིན་ལམ་བཅས་ནས་དུས་མཉམ་དུ་བསྟན་ཡོད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198328.html 1 ཆེད་སྒྲིག་ལེ་ཚན་ཆེ་གྲས《ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་མུ་འབྲེལ་འཆད་ཁྲིད》བསྟན་པ། /enpproperty-->