དྲ་མིག་ནི་གཞི་རིམ་བཅོས་སྐྱོང་གི“དབང་རྩའི་མ་ལག”ལྟ་བུ་ཡིན་པའི་ངོས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་འདྲིས་དམ་ཟབ་ཡོད། ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དྲ་མིག་དེ་གཞི་རིམ་བཅོས་སྐྱོང་གི་གཞི་རྟེན་དང་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གནད་སྨིན་ཇུས་འདོན་བྱས་ཏེ་དྲ་མིག་ཆུང་ངུར་བརྟེན་ནས་བཅོས་སྐྱོང་ཆེན་པོར་སྐུལ་འདེད་བཏང་ཐོག་དམངས་འཚོར་ཞབས་འདེགས་ཞུ་བ་དང་། འགལ་ཟླ་སེལ་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཐད་མུ་མཐུད་ཤུགས་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་གི་དྲ་མིག་ཞིབ་ཚགས་སུ་བཏང་ཡོད། དྲ་མིག་ཅན་གྱི་ལས་དོན་པས་ཉིན་ལྟར་ཁྲོམ་གཞུང་གང་སར་རྐང་ཐང་དུ་བསྐྱོད་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཟིན་ཐོར་འགོད་པ་དང་།ཁོངས་གཏོགས་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུ་ཡི་ཡོད། ཁོང་ཚོས་ཁྲོམ་གཞུང་གང་སར་བསྐྱོད་པ་དང་། དུད་ཚང་དུ་བཅར་འདྲི་བྱེད་པ། སྲིད་ཇུས་དྲིལ་བསྒྲགས་བྱེད་པ། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社