分享按钮

ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་དུས་རིམ་རང་བཞིན་གྱི་ཕན་འབྲས་ལ་ཕྱོགས་བསྡོམས་བྱས་པ་དང་མིག་སྔར་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་པར་མ་ཟད། དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ལ་དམིགས་ནས་བཀོད་སྒྲིག་ཀྱང་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་ལས་དོན་ཐད་ཞིབ་འཇུག་དང་བཀོད་སྒྲིག་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁྲེང་ཀོན་ཆུས་ཀྱི་ཉེ་དུས་ཀྱི་ལས་དོན་སྤེལ་ཚུལ་དང་། ལྷགས་པའི་གནད་དོན། ཕྱིས་འབྱུང་གི་འཆར་གཞི་བཅས་ལ་གསན་པ་རེད།

ཀྲའོ་ཧུའེ་ཉན་གྱིས་མཛུབ་སྟོན་གནང་དོན།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ནི་ལྷ་ས་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། མིག་སྔའི་བཅོས་སྒྲིག་ལས་དོན་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་མོད། འོན་ཀྱང་ཁྲིམས་འགལ་གྱི་འཛུགས་སྐྲུན་ཐད་བཅོས་སྒྲིག་མཐིལ་ཕྱིན་པ་བྱུང་མེད་པ་དང་། འགྲིམ་འགྲུལ་གྱི་ཟང་ཟིང་རྣམ་པ་བསྐྱར་དུ་ཐོན་པ།གྲོང་ཁྱེར་གྱི་ཞིབ་ཕྲའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློ་གཅིག་ཏུ་སྒྲིལ་ནས་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས་ཤིང་།དེ་ཡང་དུས་ཚོད་གལ་ཆེན་ལ་དམིགས་ཏེ“འགྲན་སློང་ལ་ཁ་གཏད་གཅོག་ཕོད་པ་དང་འགན་འཁྲི་ཁུར་ཕོད་པའི”ཆོད་སེམས་ལ་བརྟེན་ནས་སྡེ་ཁག་གི་སྟོབས་ཤུཊ་གཅིག་ཏུ་སྒྲིལ་དགོས་པ་དང་། ཁོར་ཡུག་བཅོས་སྒྲིག་དེ“འཕྲལ་སྒྲུབ་འགག་སྒྲོལ”ནས“ཡུན་རིང་ཕན་ནུས་ལྡན་པའི་བཅོས་སྒྲིག”སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག“རྣམ་པ་གསར་པ”ཞིག་ཏུ་འགྱུར་བར་བྱེད་དགོས།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198325.html 1 ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ། /enpproperty-->