分享按钮

ལྗོངས་དང་གྲོང་ཁྱེར་གྱི་ཆུ་བེད་ཚན་པས་མཉམ་དུ“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་22ཉིན་ནི“འཛམ་གླིང་ཆུའི་ཉིན་མོ”སྐབས་33པ་དང་། “ཀྲུང་གོའི་ཆུའི་གཟའ་འཁོར”སྐབས་38པའི་ཉིན་དང་པོ་ཡིན་པས། རང་གྲོང་གིས་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་ཆུ་གྲོན་ཆུང་གི་འདུ་ཤེས་མཐོ་རུ་གཏོང་ཆེད་རེད།

ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་རང་སྐྱོང་ལྗོངས་ཆུ་བེད་ཐིང་དང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས། ཁྲེང་ཀོན་ཆུས་ཞིང་ལས་གྲོང་གསེབ་དང་ཆུ་བེད་ཅུས་རིམ་པ་གསུམ་པའི་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་བཅས་ཀྱིས་མཉམ་དུ་དྲིལ་བསྒྲཊ་བྱེད་སྒོ་སྤེལ་ཡོད། འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲཊ་པར་གཞི་སྟོན་པ། དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་གྲོང་མིར་ཆུ་གྲོན་ཆུང་གི་འདུ་ཤེས་དྲིལ་བསྒྲཊ་བྱས་ཡོད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198324.html 1 ལྗོངས་དང་གྲོང་ཁྱེར་གྱི་ཆུ་བེད་ཚན་པས་མཉམ་དུ“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->