分享按钮

གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

བློ་བསྟན་བྱེད་སྒོར་ཕེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་2ཚེས28ཉིན། གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་གཙོ་གཉེར་བྱས་པའི་མཉམ་དུ་འཆམ་མཐུན་ཁྱིམ་གཞིས་བསྐྲུན་ནས་བཀྲ་ཤིས་ལོ་གསར་དགའ་བས་བསུ་ཞེས་པའི་2025ལོའི་བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་གཉེར་བ་རེད།

གྲོང་སྤྱི་གཞོན་པ་བློ་བསྟན་བྱེད་སྒོའི་ནང་ཞུགས་པ་རེད།

བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་སྤྲོ་སྣང་ཆེ་ཞིང་དྲོ་སྐྱིད་ལྡན་པ་ཞིག་ཡོད།གྲོང་ཁྱེར་དམངས་སྲིད་ཅུས་དང་ཁོངས་གཏོཊ་སྡེ་ཚན་ཁག་གི་ལས་དོན་པས་ཕན་བདེ་ཁང་གི་རྒན་རྒོན་དང་ཕྲུ་གུ་དང་མཉམ་དུ《མཛེས་པའི་བོད་ལྗོངས》དང《གངས་ལྗོངས་ཀྱི་བསྟོད་གླུ》སོགས་ངོ་མཚར་ཆེ་བའི་ལེ་ཚན་10ལྷག་ཙམ་རང་རྩོམ་རང་འཁྲབ་བྱས་པས་ཡུལ་དངོས་ལ་སྤྲོ་སྣང་དང་ཞི་མཐུན་ལྡན་པའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།

ད་ཐེངས་ཀྱི་བྱེད་སྒོ་དེས་དམངས་སྲིད་ཕན་བདེ་སྒྲིག་གཞིའི་རྒན་རྒོན་དང་ཕྲུ་གུ་ཚོར་སྤྱི་ཚོགས་ཀྱི་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་ཐུབ་པ་དང་།ཁོང་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད།གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་དམིགས་བསལ་ཚོགས་སྤྱིར་ཐུགས་ཁུར་བྱེད་ལུགས་ཀྱང་གང་ལེགས་མཚོན་ཡོད།རྗེས་མའི་ལས་དོན་ཁྲོད།གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མུ་མཐུད་དེ་གཅེས་སེམས་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྔར་ལས་སྤུས་ལེགས་ཀྱི་ཞབས་ཞུ་ཧུར་ཐག་བསྒྲུབས་ཏེ། དེ་བས་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་གཏོད་པ་དང་།དམིགས་བསལ་ཚོགས་སྤྱིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ།དམངས་འཚོའི་བདེ་སྐྱིད་ཀྱི་རྨང་གཞི་བརྟན་ཏུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-02 བློ་བསྟན་བྱེད་སྒོར་ཕེབས་པ། 6 6 拉萨日报藏文 c197192.html 1 གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ། /enpproperty-->