ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ་ཕེབས་ཏེ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་འཐབ་ས་མདུན་མའི་ལས་དོན་པར་གཟིགས་སྐོར་འཚམས་འདྲི་གནང་ཞིང་། གྲོང་ཨུད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བར་མ་ཟད། ཁོང་ཚོ་བརྒྱུད་ནས་བོད་ཀྱི་ལོ་གསར་རིང་ཁྱབ་ཁོངས་ཁག་ཏུ་ལས་གནས་བརྟན་སྲུང་དང་ལེགས་སྐྱེས་འབུལ་མཁན་གྱི་འཐབ་ས་མདུན་མའི་ལས་དོན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་སྨོན་འདུན་བཟང་པོའང་ཞུས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ངག་དབང་དང་། གྲོང་ཁྱེར་གྱི་དབུ་ཁྲིད་ལི་ཅང་ཤིན་དང་། ཞུས་ཧའེ། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན། པ་སངས་རྡོ་རྗེ་བཅས་ལྷན་དུ་ཕེབས་ཡོད་པ་རེད།
དུས་ཆེན་རིང་། བར་སྐོར་ཁྲོམ་གཞུང་དུ་གློག་སྒྲོན་གསལ་ལ་ཚོན་མདངས་རྣམ་པར་བཀྲ་ཞིང་། གང་སར་ལོ་གསར་གྱི་རྣམ་པས་ཡོངས་སུ་ཁེངས་ཡོད།ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་གཙུག་ལག་ཁང་དུ། ཤའོ་ཡིའུ་ཚའེ་ཡིས་ཚང་མ་སྐུ་ལས་ཁག་སོང་། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞེས་གསུངས་བཞིན་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社