分享按钮

ཐོན་པ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་དང་ཁྲིམས་སྐྱོང་ཟུང་འབྲེལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་བཏོད་པ།

པར་འདི་ནི་ཐོན་པ་གྲོང་རྡལ་གྱི་དུས་བདེའི་ཁྲིམས་སྐྱོང་ལས་དོན་པས་ཞིང་ཁའི་མུ་ཁར་གྲོང་མིར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱིས་རང་ངོས་ཀྱི་དགེ་མཚན་དང་ཁྱད་དུ་འཕགས་པའི་ཁྱད་ཆོས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་ཅིང་། གཟི་བརྗིད་མཚན་སྙན་དེའི་རྒྱབ་ཏུ་ཐོན་པ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས། ཉེན་ཁ་སེལ་བ། བཅའ་ཁྲིམས་ཞབས་ཞུ་སོགས་ཕྱོགས་མང་པོའི་ཐད་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་ནི་ཐོན་པ་གྲོང་རྡལ་བརྟན་པོའི་ངང་མདུན་སྐྱོད་བྱེད་པའི་ཚད་འཛིན་ས་ལྟ་བུ་ཞིག་ཏུ་གྱུར་ཡོད། ཐོན་པ་གྲོང་རྡལ་གྱི་ཏང་ཨུད་དང་སྲིད་གཞུང་གིས་ཏང་འཛུགས་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་དཔུང་ཁག་འཛུགས་སྐྱོང་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-02 6 6 拉萨日报藏文 c197185.html 1 ཐོན་པ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་དང་ཁྲིམས་སྐྱོང་ཟུང་འབྲེལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་བཏོད་པ། /enpproperty-->