གྲོང་མི་དཔེ་ཀློག་ལ་རོལ་ནས་དཔེ་ཀློག་གི་སྤྱི་ཚོགས་མཉམ་སྐྲུན་བྱེད།
གྲོང་མི་རྣམས་ཀྱི་དཔེ་ཀློག་གི་རྣམ་པ་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་གྱི་རིག་གནས་ཀྱི་རྣམ་པ་ཡང་སྔར་བས་ཟབ་ཏུ་ཕྱིན་ཡོད། སྤྱི་གླིང་དང་། དཔེ་མཛོད་ཁང་། ཡང་ན་དཔེ་ཁང་དང་ཁྲོམ་གཞུང་བཅས་གང་རུང་ཞིག་ཏུ་དཔེ་ཀློག་གི་རྣམ་པ་གང་སར་མཐོང་རྒྱུ་ཡོད། དེའི་ཐོག་ནས་གྲོང་མིས་ཤེས་བྱ་སྦྱོང་འདོད་ཀྱི་འདུན་པ་མཚོན་པར་མ་ཟད། གྲོང་ཁྱེར་གྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་ལེགས་པར་མངོན་ཡོད། པར་འདི་ནི་པེ་ཅིང་ནུབ་ལམ་དུ་གནས་པའི་ཤིན་ཧྭ་དཔེ་ཚོང་ཁང་གི་རྣམ་པ་ཡིན། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)