分享按钮

རང་གྲོང་གི་ཚོང་ར་ཆེ་གྲས་ཁག་ཏུ་དུས་ཆེན་གྱི་རྣམ་པ་ཟབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་མི་རྣམས་ཀྱིས་སྤྲོ་སྣང་དང་ཞི་མཐུན་ལྡན་པའི་སྒོ་ནས་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱ་ཐུབ་ཆེད། ཟླ་2ཚེས་12ཉིན། རང་གྲོང་གི་ཚོང་ར་ཆེ་གྲས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་རྣམ་པ་འདྲ་མིན་གྱི་བྱེད་སྒོ་སྤེལ་ཏེ་སྐུ་མགྲོན་མང་པོ་ཞིག་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

ལྷ་སའི་ཝང་ཧྥུ་ཅིང་ཉོ་སྒྲུབ་ལྟེ་གནས་སུ་སྐྱོད་སྐབས། ལྒང་བཞུ་དམར་པོ་མཐོན་པོར་བཀལ་ཡོད་པ་དང་། བསོད་ནམས་ཞེས་པའི་ཡི་གེར་བརྟེན་ནས་ཀྲུང་གོའི་དུས་ཆེན་ལ་སྲོལ་རྒྱུན་གྱི་མཛེས་རྒྱན་སྤྲས་པས་ཡུལ་དངོས་ཀྱི་ཕྱོགས་གང་སར་དུས་ཆེན་གྱི་རྣམ་པ་ཟབ་མོས་ཁེངས་ཡོད། ཚོང་ཁང་གིས་དང་པོའི་བཅོ་ལྔའི་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་ལག་རྟགས་ཡག་པོ་འཐེན་པའི་བྱེད་སྒོ་སྤེལ་བ་དང་། སྐུ་མགྲོན་གྱིས་སྒོར་188འཛད་སྤྱོད་བྱས་ཚེ་བྱ་དགའ་འཐེན་པའི་བྱེད་སྒོར་ཞུགས་ཆོག་པ་དང་། Uདབྱིབས་ཅན་གྱི་སྔས་མགོ་དང་། རྩེད་ཆས་སོཊ་བྱ་དགའ་སྣ་ཚོཊ་ཡོད་པས་འཛད་སྤྱོད་པ་མང་པོ་ཞིག་དགའ་སྤྲོ་ཆེན་པོའི་ངང་བྱེད་སྒོའི་ནང་ཞུཊ་ཀྱི་ཡོད་པ་རེད། འཛད་སྤྱོད་པ་རེན་ཆིན་གྱིས་དེ་རིང་ནི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་པས་ངས་ཁྱིམ་མིར་ལག་རྟགས་ཆུང་ཆུང་འགའ་གྲ་སྒྲིག་བྱས་ཡོད། རིན་གོང་དམའ་བའི་སྤ་སེ་ལ་བརྟེན་ནས་བྱ་དགའ་འཐེན་པའི་བྱེད་སྒོར་ཞུགས་པས་Uདབྱིབས་ཅན་གྱི་སྔས་མགོ་ཞིག་འཐེན་ཐུབ་བྱུང་། ལག་རྟགས་ཆུང་ནའང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།

སྣེའུ་ཝན་ཏཱ་ཐང་ཆེན་དུ། བརྙན་ཤེལ་ཆེན་པོ་བརྒྱུད་དེ་འཁྲུག་ཆ་དོད་པའི་སྒོ་ནས་གབ་ལན་འདེབས་པའི་བྱེད་སྒོ་སྤེལ་བཞིན་ཡོད། འཛད་སྤྱོད་པས་བརྙན་ཤེལ་ཆེན་པོ་བརྒྱུད་ནས་རང་ཉིད་ཀྱིས་གབ་ལན་འདེབས་ཐུབ་པའི་གབ་ཚིག་བདམས་པ་སོགས་བྱེད་སྒོར་ཞུགས་པའི་བརྒྱུད་རིམ་ཁྲོད་སྲོལ་རྒྱུན་དུས་ཆེན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་ཀྱི་ཡོད། ལན་ཡང་དག་འདེབས་མཁན་གྱིས་ལག་རྟགས་ཆུང་ཆུང་ཞིག་ལེན་ཆོག དེ་ལྟར་འཁྲུག་ཆ་དོད་པའི་ས་ཡུལ་དངོས་སུ་དགོད་སྒྲས་ཁེངས་ཡོད།

སྣེའུ་ཝན་ཏཱ་ཐང་ཆེན་ཁྲོམ་ར་པུའུ་ཡི་ལས་དོན་པ་ཚུལ་ཁྲིམས་ཀྱིས་སྣེའུ་ཝན་ཏཱ་ཡིས་རྒྱ་ཆེའི་ཚོང་ཤག་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་བར་དྲིན་ལན་འཇལ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་དུས་ཆེན་གྱི་རྣམ་པ་འཁྲུག་ཏུ་བཏང་ནས་འཛད་སྤྱོད་པའི་དབར་གྱི་བར་ཐག་ཉེ་རུ་གཏོང་ཆེད་ཡིན་ཞེས་བཤད།

བཅར་འདྲི་བྱེད་རིང་། གསར་འགོད་པས་ད་དུང་ཚོང་ར་ཁག་སོ་སོས་ཉོ་སྒྲུབ་བྱེད་སྐབས་རིན་གོང་བཅག་པའི་བྱེད་སྒོ་སྤེལ་ནས་འཛད་སྤྱོད་པས་དང་པོའི་བཅོ་ལྔའི་དུས་ཆེན་གྱི་སྤྲོ་སྣང་གི་རྣམ་པ་ཚོར་ཐུབ་པ་དང་ཆབས་ཅིག་དངོས་སུ་གཟིགས་སྐྱོང་ལོངས་སུ་སྤྱོད་ཐུབ་པ་མཐོང་བྱུང་།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196336.html 1 རང་གྲོང་གི་ཚོང་ར་ཆེ་གྲས་ཁག་ཏུ་དུས་ཆེན་གྱི་རྣམ་པ་ཟབ་པ། /enpproperty-->