分享按钮

གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་12ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྡེ་ཚོགས་གྲོང་ཨུད་དང་དེ་བཞིན་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་བཞི་པའི་ལས་བྱེད་པ་དང་ལས་བཟོ་བ་དང་མཉམ་དུ་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་བཏང་སྟེ་ལས་བྱེད་པ་དང་ལས་བཟོ་བ་ཚོར་དང་པོའི་བཅོ་ལྔའི་དུས་ཆེན་གྱི་རྣམ་པ་དང་རིག་གནས་ཀྱི་ནང་དོན་ཉམས་ལེན་གཏིང་ཟབ་ཐུབ་པར་བྱས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་བྱེད་སྒོར་ཞུགས་པ་དང་འབྲེལ་ལས་བྱེད་པ་དང་ལས་བཟོ་བ་དང་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

བྱེད་སྒོ་དེ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཚོས་སྤེལ་བའི་སྙན་ངག་གྱེར་འདོན《དང་པོའི་བཅོ་ལྔའི་དུས་ཆེན》ཁྲོད་སྤེལ་འགོ་ཚུགས་པ་རེད། དྲོ་སྐྱིད་དང་སྤྲོ་སྣང་ལྡན་པའི་རྣམ་པའི་ཁྲོད་ཚང་མས་གླུ་ལེན་གར་འཁྲབ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ལྒང་བུ་བརྫིས་པ་སོགས་ཀྱི་རོལ་རྩེད་ཁྲོད་ཚང་མ་ཧུར་ཐག་ཞུགས་པས་ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད་པ་རེད།

བྱེད་སྒོའི་མཇུག་ཏུ། ཚང་མས་མཉམ་དུ་ཆུ་མོག་བཟོས་ནས་དུས་ཆེན་ལ་རོལ་ཅིང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོ་བ་སྐལ་བཟང་ཟླ་བས་དེ་རིང་ང་ཚོས་མཉམ་དུ་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་དང་། ང་ཚོས་མཉམ་དུ་གྱེར་འདོན་དང་། གླུ་གཞས་གཏོང་བ། ཞབས་བྲོ་འཁྲབ་པ། ལྒང་བཞུའི་ཐོག་གི་གབ་ཚིག་ལ་ལན་འདེབས་པ། རོལ་རྩེད་རྩེ་བ་བཅས་བྱས་ཏེ་ཚང་མས་དགའ་སྤྲོའི་ངང་སྲོལ་རྒྱུན་དུས་ཆེན་གྱི་རྣམ་པ་ཟབ་མོར་མྱོང་རོལ་བྱས་པ་ཡིན་ཞེས་བཤད།

གཞན་ཡང་གནས་ཚུལ་འབྱོར་གསལ།ཉིན་དེར་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བསྐྲུན་ཟིན་པའི་ཆུ་ཚོད་24ཡི་རིག་ནུས་ཅན་གྱི་ཕྱི་རོལ་ངལ་རྩོལ་པའི་ས་ཚིགས་ལ་བརྟེན་ནས་ཕྱི་རོལ་གྱི་ངལ་རྩོལ་པ་སྒྲིག་འཛུགས་བྱས་ཏེ་དང་པོའི་བཅོ་ལྔའི་དུས་ཆེན་གྱི་བྱེད་སྒོ་སྤེལ་ནས་ཕྱི་རོལ་གྱི་ངལ་རྩོལ་པར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196332.html 1 གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་སྒྲིག་འཛུགས་བྱས་ནས་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ། /enpproperty-->