分享按钮

འཚོ་སྡོད་དང་ལས་གཏོད་ཡུལ་སྐོར་བཅས་ལ་འཚམ་པའི་གྲོང་ཁྱེར་གྱི་རྣམ་པ་གསར་པ་བཏོད་པ།

ལྷ་ས་གྲོང་ཁྱེར་གྱི་ཆུ་བེད་བྱ་གཞག་གི་འཕེལ་རྒྱས་དང་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་དོན་ཆེན་བཞིར་དམིགས་པ་དང་། ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བཞིར་སྐུལ་འདེད་བཏང་བར་མ་ཟད། གདོང་དམག་བདུན་གྱི་འབད་འཐབ་དམིགས་ཚད་ལ་དམིགས་ནས་གྲོང་ཨུད་ཀྱི་ལྟེ་བ་སྟོབས་ཆེར་གཏོང་བའི་འཐབ་ཇུས་དང་ཆུའི་ཐོན་ཁུངས་འཛོམས་པའི་གྲོང་ཁྱེར་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ཡོད། ཆུའི་བདེ་འཇགས་འགན་ལེན་དང་། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་ཐོན་ཁུངས་བེད་སྤྱོད། ཆུའི་འབྱུང་ཁམས་ཉམས་གསོ་སོགས་ཀྱི་ཐད་མུ་མཐུད་ནུས་ཤུགས་བཏོན་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཆུ་བེད་ཀྱི་བྱ་གཞག་ཐད་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།

ལྷ་ས་གྲོང་ཁྱེར་ལྷ་ཞབས་གླིང་ཕྲན་བཅིངས་འགྲོལ་ཤར་ལམ་དུ། གསར་དུ་ཉམས་གསོ་བྱས་པའི་ལྷ་སའི་སྐྱིད་ཆུའི་འགྲམ་དུ་ཆུ་བྱར་ལྟ་སའི་གདུང་འདེགས་འཕྲང་ལམ་དེ་གྲོང་མི་རྣམས་ཀྱི་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད། གདུང་འདེཊ་འཕྲང་ལམ་ཐོག་ལངས་ནས་རྒྱང་རིང་ལ་བལྟས་ཚེ། གླིང་ཕྲན་གཉིས་ཀྱི་ནང་ཁུལ་གྱི་ཆུ་བོའི་ལྗང་མདོག་འབྱུང་ཁམས་བར་ཁྱམས་གསལ་པོར་མཐོང་ཐུབ། ཆུ་བོའི་ངོས་སུ་ཆུ་བྱ་རྣམས་སྤྲོ་སྣང་གིས་ཁེངས་ནས་འཕུར་ལྡིང་གི་རྩེད་དགར་རོལ་བཞིན་ཡོད། ཆུ་བྱ་དེ་དག་ཆུ་ཁོངས་དེར་རང་དབང་གིས་འཚོ་སྡོད་བྱེད་ཅིང་། གནས་དེར་འཇིགས་སྣང་སྤུ་ཙམ་ཡང་མེད་པར་ཟས་འཚོལ་བ་དང་བག་ཕེབས་ངང་གནས་ཡོད། དྭངས་གཙང་གི་ཆུ་བོ་དལ་གྱིས་འབབ་པ་དང་། ལྗོན་ཤིང་དང་འཕུར་ལྡིང་གི་གར་ལ་རྩེན་པའི་ཆུ་བྱའི་ཚོགས་ཀྱི་གཟུགས་བརྙན་དེ་ཆུ་ངོས་སུ་གློག་བརྙན་ཇི་བཞིན་གསལ་ལེར་མངོན་གྱི་འདུག་པས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་ངང་གིས་གྲུབ་ཡོད།

ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་འབྱུང་འཕྲོད་བཅོས་སྐྱོང་ལས་གྲྭའི(དུས་ཐེངས་གཉིས་པ)གླིང་ཕྲན་གཉིས་ཀྱི་ནང་ཁུལ་ཆུ་བོའི་ལྗང་མདོག་འབྱུང་འཕྲོད་བར་ཁྱམས་ལེཊ་སུ་གཏོང་བའི་ལས་གྲྭ་དེ་ཁྲེང་ཀོན་ཆུས་ཀྱི་ལྷོ་རྒྱུད་ཀྱི་ལྷ་ཞབས་གླིང་ཕྲན་དང་། ཉི་འོད་གླིང་ཕྲན། གྲོང་ཁུལ་བཅས་ཀྱི་བར་དུ་གནས་ཤིང་། ཆུ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་4.1ཡོད།

རྣམ་གྲངས་དེ་2024ལོའི་ཟླ་1པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ་དང་ཨར་ལས་ཀྱི་ལས་འགན་གཙོ་བོ་ཟླ་10པའི་ཟླ་མཇུག་ཏུ་ཚང་མ་ལེགས་གྲུབ་ཟིན་ཡོད། རྣམ་གྲངས་ལེགས་གྲུབ་བྱུང་བ་དེས་གླིང་ཕྲན་གཉིས་ཀྱི་ཆུ་བོའི་ལྗང་མདོག་འབྱུང་འཕྲོད་བར་ཁྱམས་སུ་འབྱུང་ཁམས་དང་། ཆུ་དང་བར་ཐག་ཉེ་བ། གེགས་མེད་བགྲོད་ལམ། རིག་གནས་བཅས་ཀྱི་ཡིད་དབང་འཕྲོག་པའི་རྣམ་པ་མངོན་ཡོད།

ཀྲུང་གོའི་ཆུ་གློག་ཅུས་དགུ་པའི་རྣམ་གྲངས་ཀྱི་ཅིང་ལི་ཁྲེན་ཡན་ཏུང་གིས་རྣམ་གྲངས་དེས་ཆུ་བོ་བཞུར་བའི་ས་ཁོངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་ཆུ་བྱར་ལྟ་སའི་གདོང་འདེགས་འཕྲང་ལམ་དང་། སྔོ་ལྗང་གླིང་ཕྲན། སེམས་མཐུན་ཟམ་པ། ལྷ་ཞབས་ཟམ་པ་སོགས་སྤྲོ་གསེང་རོལ་རྩེད་བྱ་ཡུལ་དང་མི་ཆོས་དང་མཐུན་པའི་སྒྲིག་ཆས་འཛུགས་སྐྲུན་བྱས་ནས་གྲོང་ཁྱེར་དུ་ཆུ་དང་བར་ཐག་ཉེ་བའི་བྱེད་སྒོ་སྤེལ་ཡུལ་གསར་པ་ཞིག་ཏུ་གྱུར་བ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 ལྷ་ས་གྲོང་ཁྱེར་གྱི་ཆུ་བེད་བྱ་གཞག་གི་འཕེལ་རྒྱས་དང་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། 6 6 拉萨日报藏文 c196319.html 1 འཚོ་སྡོད་དང་ལས་གཏོད་ཡུལ་སྐོར་བཅས་ལ་འཚམ་པའི་གྲོང་ཁྱེར་གྱི་རྣམ་པ་གསར་པ་བཏོད་པ། /enpproperty-->